ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས། 
2020.07.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 150

ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུའི་ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟི་ལིང་ནས་བསྡུས། 

ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུའི་ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟི་ལིང་ནས་བསྡུས། ཚང་འཛོམས་གྲོས་ཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་བྱས་ཏེ་ས་གནས་བཅོས་སྐྱོང་ལམ་ལུགས་ཀྱི་གསར་གཏོད་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་། མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། དབྱིན་པའེ་བཅས་གྲོས་ཚོགས་ལ་ཞུགས། 

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ས་གནས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ས་གནས་རིམ་པའི་ལག་ལེན་མཚོན་བྱེད་ཡིན་ཞིང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ས་གནས་བཅོས་སྐྱོང་ལ་གཅིག་གྱུར་བཀོད་འདོམས་བྱས་ཡོད། མཚོ་སྔོན་གྱིས་རྒྱལ་ཁབ་བཅོས་སྐྱོང་བྱ་བའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་བསྟན་པའི་ཁྱད་པར་གཅིག་དང་དོན་འབྲེལ་གཉིས་ཀྱི་འཐབ་ཇུས་གོ་གནས་ཟིན་ཡོད། བཅོས་སྐྱོང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་དགོས་ན། ལངས་ཕྱོགས་གསལ་བའི་སྒོ་ནས་ཆབ་སྲིད་གཙིགས་སུ་བཟུང་སྟེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པ་དེ་ས་གནས་བཅོས་སྐྱོང་གི་གོ་གནས་གཙོ་བོར་འཇོག་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ཁྲོད་ནས་བཅོས་སྐྱོང་ཁ་ཕྱོགས་དང་བཅོས་སྐྱོང་བསམ་ཕྱོགས། བཅོས་སྐྱོང་བྱེད་ཐབས་བཅས་འཚོལ་ཞིབ་བྱས་ནས་རྒྱུན་ཆད་མེད་པར་མཚོ་སྔོན་བཅོས་སྐྱོང་སྲིད་འཛིན་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཆེ་ཕྱོགས་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྲུང་སྐྱོབ་གཉིས་ཀྱི་ལམ་ལུགས་རྐྱེན་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སྙིང་བོར་བྱེད་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཀྱི་འདོད་བློར་བརྩི་འཇོག་དང་དམངས་ཀྱི་བློ་གྲོས་གཅིག་བསྡུས། དམངས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱེད་པ། དམངས་ཚིས་ལེགས་བཅོས་བྱེད་པ་དེ་མཚོ་སྔོན་ས་གནས་བཅོས་སྐྱོང་གི་བྱ་བའི་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ནས།  ཧུར་ཐག་སྒོས་རིགས་སོ་སོའི་མང་ཚོགས་དག་བཅོས་སྐྱོང་བྱ་བ་སོ་སོའི་ཟབ་ཞུགས་མཁན་དང་ཁེ་ཕན་ཉམས་སུ་མྱོང་མཁན། མཇུག་མཐའི་བརྡར་གཅོད་མཁན་བཅས་སུ་འགྱུར་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཤིང་། དོ་མཉམ་མིན་པ་དང་ཤུགས་ཚད་མི་འདང་བའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་ཐད་སེམས་ཤུགས་གཅིག་བསྡུས་བྱས་ནས། ཧུར་ཐག་སྒོས་གསར་གཏོད་གོང་བཀུར་དང་མཐུན་སྦྱོར་དོ་སྣང་། ལྷད་མེད་གཙོར་འདོན། མཉམ་སྤྱོད་ཡར་སྐུལ་གྱི་སྒྲིག་གཞིའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ལ། ས་གནས་བཅོས་སྐྱོང་གི་བྱ་བ་སྣ་ཚོགས་ཁྲིམས་སྐྱོང་གི་གྲས་སུ་བཞག་སྟེ། རིམ་བཞིན་ས་གནས་བཅོས་སྐྱོང་ལམ་ལུགས་ཅན་དང་ལས་རིམ་ཅན། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་སུ་མངོན་འགྱུར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་བཅོས་སྐྱོང་གི་སྤྱིའི་བཀོད་སྒྲིག་དང་མཚོ་སྔོན་ས་གནས་བཅོས་སྐྱོང་གི་གསར་གཏོད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། མཚོ་སྔོན་གྱི་དམིགས་བསལ་གནས་ཚུལ་ལ་རྐང་བཙུགས་ནས་རྒྱལ་ཁབ་བཅོས་སྐྱོང་དང་ས་གནས་བཅོས་སྐྱོང་གི་ཟུང་འབྲེལ་གྱི་གནད་བཙལ་ནས། ས་གནས་བཅོས་སྐྱོང་གི་ལག་ལེན་ལ་ཡར་སྐུལ་བཏང་སྟེ་རྒྱལ་ཁབ་བཅོས་སྐྱོང་གི་ཆེད་དུ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དངོས་ཐོག་བདེན་འཚོལ་གྱི་ཚན་རིག་རྣམ་འགྱུར་གྱིས་ས་གནས་བཅོས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས། ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་དང་གཞུང་དང་དོན་དངོས་ཟུང་འབྲེལ་བྱེད་པ། ལག་ལེན་ཁྲོད་ནས་བདེན་ལུགས་དང་འཕེལ་རྒྱས་ཀྱི་བདེན་ལུགས་ལ་བདེན་དཔང་བྱེད་དགོས། དངོས་ཐོག་བདེན་འཚོལ་ནི་བཅོས་སྐྱོང་གི་ཡིད་ཆེས་བརྟན་པོ་ཡིན་ལ། ཡིད་ཆེས་ནི་ལག་ལེན་ལས་བྱུང་བ་ཡིན། ཞིང་ཆེན་ཨུ་ཡོན་ལྷན་ཁང་རིམ་བྱོན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་གནས་བཅོས་སྐྱོང་གི་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མཚོ་སྔོན་གྱི་འཕེལ་རྒྱས་དང་གོང་འཕེལ་ལ་ཡར་སྐུལ་གང་ལེགས་བྱས་ཡོད། ཁྱད་པར་དུ་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་རེ་བ་བརྩི་སྲུང་བྱས་ནས། མཚོ་སྔོན་ས་གནས་བཅོས་སྐྱོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བསམ་བློའི་རྨང་གཞི་བརྟན་པོ་དང་ལམ་ལུགས་རྨང་གཞི་བརྟན་པོ། ཕུན་སུམ་ཚོགས་པའི་ལག་ལེན་རྨང་གཞི། བློ་གཏོད་རུང་བའི་ལས་བྱེད་འཇོན་མིའི་རྨང་གཞི་བཅས་འདིང་དགོས། གྲུབ་འབྲས་དེ་དག་ནི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། དངོས་ཐོག་བདེན་འཚོལ་གྱིས་བཅོས་སྐྱོང་གི་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས། 

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ས་གནས་བཅོས་སྐྱོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ན་ངེས་པར་དུ་འགལ་བ་གཙོ་བོ་གནད་སར་བཟུང་སྟེ། ལས་འགན་གཙོ་བོ་གཏན་འཁེལ་གསལ་བོ་བྱེད་པ་དང་གྲོང་ཁྱེར་དང་ཞིང་སྡེ། འབྲོག་ཁུལ་བཅས་ཀྱི་བཅོས་སྐྱོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གྱི་བཅོས་སྐྱོང་གི་གནད་ནི་ཞིབ་ཚགས་ཡིན་དགོས་པ་དང་། ཞིང་སྡེའི་བཅོས་སྐྱོང་གི་གནད་ནི་མཛེས་སྡུག་སྤུས་ལེགས་ཡིན་དགོས་ལ། འབྲོག་ཁུལ་གྱི་བཅོས་སྐྱོང་གི་གནད་ནི་ཡར་ཐོན་གྱི་བསམ་བློ་ཡིན་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་ཁྲིམས་སྐྱོང་སྙིང་སྟོབས་ནན་སྲུང་། དྲང་བདེན་གསར་གཏོད་ཀྱི་སྙིང་སྟོབས་མངོན་པ། མཚོ་བོད་མཐོ་སྒང་གི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ཏེ། ཡར་བརྩོན་སྙིང་སྟོབས་ཀྱིས་འབྲོག་ཁུལ་གཏན་སྲུང་དང་འབྲོག་ཁུལ་བཅོས་སྐྱོང་བྱེད་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ནས་འདྲིལ་ཤུགས་ཆེན་པོ་ཆགས་སུ་བཅུག་སྟེ་ས་གནས་བཅོས་སྐྱོང་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

ཚང་འཛོམས་གྲོས་ཚོགས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཆབ་སྲིད་ཀྱི་ལས་འགན་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་གསར་བསྐྲུན་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་བ་གཙོ་བོ། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་ཁག་དང་མང་ཚོགས་ཀྱི་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས། ཞིང་ཆེན་གྱིས་བདག་དམ་བྱེད་པའི་ཁེ་ལས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བར་ཞུགས་པའི་འཐུས་མི། ཞིང་ཆེན་སྐབས་བཅུ་གསུམ་པའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་བཅས་གྲོས་ཚོགས་ལ་ཟུར་དུ་ཞུགས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།