མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཟི་ལིང་ནས་བསྡུས།
2020.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བརྒྱད་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཟི་ལིང་ནས་བསྡུས་ཤིང་།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་དང་མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་དང་། དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྱོན་མི་ང་ལྔ་ཚོགས་འདུར་ཞུགས་ནས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ མི་གྲངས་དང་མཐུན། ཀྲང་ཀོང་རུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ད་རེས་ཀྱི་ཚོགས་འདུའི་མི་དོན་གནད་གནས་ཚུལ་སྐོར་ནས་གསལ་བཤད་བྱས་པ་དང་། བསྐོ་གཞག་བྱེད་རྩིས་ཡོད་པའི་འོས་མིས་མ་བསྐོས་གོང་གི་གཏམ་བཤད་བྱས།

ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པའི་ཟླ་སྨད་དུ་ཟི་ལིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།

ཚོགས་འདུའི་ཐོག་ཞིན་ཁྲང་ཞིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཚབ་མའི་གོ་གནས་གཏན་འཁེལ་བྱས།

ཚོགས་ཐོག་ནས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཁྲེན་མིང་གོ  ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མོང་ཡུང་ཧྲན་སོགས་ཚོགས་འདུར་ཟུར་ཞུགས་བྱས།

ལོ་ཙཱ་བ། བན་དེ་སྐྱབས།