ཞིང་ཆེན་སྲིད་གྲོས་ཀྱིས་བཅའ་ཁྲིམས་བློ་འདོན་པ་གདན་ཞུ་བྱེད་པའི་མཛད་སྒོ་བསྡུས།
2020.08.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱིས་བཅའ་ཁྲིམས་བློ་འདོན་པ་གདན་ཞུ་བྱེད་པའི་མཛད་སྒོ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་མཛད་སྒོར་ཞུགས་པར་མ་ཟད་བཅའ་ཁྲིམས་བློ་འདོན་པར་གདན་ཞུའི་དཔང་ཡིག་གནང་བ་དང་། གདན་ཞུ་བྱས་པའི་འཐུས་མིས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། བཅའ་ཁྲིམས་བློ་འདོན་པའི་བྱ་བའི་ལམ་ལུགས་འཛུགས་པ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་བྱེད་ཐབས་དང་བྲེ་བྲག་གི་གོ་རིམ་ཡིན་པས། སྲིད་གྲོས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་དང་། སྲིད་འཛིན་ཐབས་ཇུས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་བྱ་བ་སྒྲུབ་མཁན་གྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བཅའ་ཁྲིམས་བློ་འདོན་པས་སྲིད་གྲོས་ཀྱིས་གཏན་འཁེལ་བྱས་པའི་སྲིད་འཛིན་ཐབས་ཇུས་གལ་ཆེན་དང་ཁྲིམས་ལྟར་སྲིད་སྐྱོང་བར་སྐུལ་འདེད་གཏོང་བའི་ཁྲོད་དུ་ནུས་པ་འདོན་ངེས་ཡིན། ཁྲིམས་ལྟར་སྲིད་སྐྱོང་བ་དང་ཁྲིམས་ལྟར་དོ་དམ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོ་ཐབས་ཇུས་ལ་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྲིད་གྲོས་ཀྱིས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བཅའ་ཁྲིམས་བློ་འདོན་པའི་བྱ་བའི་ལམ་ལུགས་གཏན་འཁེལ་བྱས་ཏེ་འགྲེམ་སྤེལ་བྱས་པར་མ་ཟད། གདན་ཞུའི་མཛད་སྒོའི་སྟེང་རྩ་འཛུགས་བྱས་ནས་སློབ་སྦྱོང་བྱས།

ཚོགས་ཐོག་ནས་བཅའ་ཁྲིམས་བློ་འདོན་པའི་བྱ་བའི་ལམ་ལུགས་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། རྩ་འཛུགས་ཞིབ་མོ་བྱས་ཏེ་བྱ་བ་བསྒྲུབ་ནས་བཅའ་ཁྲིམས་བློ་འདོན་པའི་བྱ་བ་དེ་ལས་ཁུངས་ཀྱི་བྱ་བའི་ཁྱབ་ཁོངས་སུ་འཇོག་དགོས། བཅའ་ཁྲིམས་བློ་འདོན་པའི་བྱ་བའི་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བཅའ་ཁྲིམས་བློ་འདོན་པས་ཞིང་ཆེན་སྲིད་གྲོས་ཀྱི་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ཐད་ལ་ནུས་པ་འདོན་དགོས། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་གཞོགས་འདེགས་དམ་པོ་བྱེད་པ་དང་ཕན་ཚུན་ལ་རོགས་ལས་བྱེད་པ། སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། བཅའ་ཁྲིམས་བློ་འདོན་པའི་བྱ་བའི་ལམ་ལུགས་དངོས་འབེབས་བཟང་བོ་བྱེད་པ་དང་། བཅའ་ཁྲིམས་བློ་འདོན་པའི་བྱ་བའི་ལམ་ལུགས་ཀྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ལ་བཅའ་ཁྲིམས་ཕྱོགས་ཀྱི་ནུས་ལྡན་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

                                                                                                               ལོ་ཙཱ་བ། བཀྲ་ཤིས་འབུམ།