ཝུའུ་ཧེ་ཁུན་གྱིས་མཚོ་སྔོན་ཞིང་ཆེན་སྤྱི་ཐུན་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག་གི་ཁྲིམས་འཛུགས་བྱ་བ་ལག་བསྟར་གནས་ཚུལ་ཡར་ཞུ་བྱས་པར་ཉན།
2020.08.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་གསུམ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འགན་འཁུར་བློ་མཐུན་གྱིས་མཚོ་སྔོན་ཞིང་ཆེན་སྤྱི་ཐུན་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག་གི་ཁྲིམས་འཛུགས་བྱ་བ་ལག་བསྟར་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་གོ་རིམ་རྗེས་མའི་བྱ་བར་བྲེ་བྲག་གི་རེ་བ་བཏོན།

ཝུའུ་ཧེ་ཁུན་གྱིས་བསྟན་དོན། སྤྱི་ཐུན་ཡིད་རྟོན་ཆ་འཕྲིན་བཅའ་ཁྲིམས་ཀྱི་མཐའ་མཚམས་གཏན་འཁེལ་གསལ་བོ་བྱེད་པ་དང་། ཆ་འཕྲིན་གཅིག་སྡུད་དང་ལེགས་སྒྲིག བཀོལ་སྤྱོད་བཅས་ཀྱི་ཁྱབ་ཁོངས་གསལ་བོར་འབྱེད་དགོས་ལ། སྤྱི་ཐུན་ཁེ་ཕན་སྲུང་སྐྱོབ་དང་ཚོང་ལས་གསང་དོན་དང་སྒེར་གྱི་གསང་དོན་བར་གྱི་འབྲེལ་བ་སྲུང་སྐྱོབ་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས། ཁྲིམས་འཛུགས་དབང་ཚད་ལས་མི་བརྒལ་བར་མ་ཟད་ཁྲིམས་འཛུགས་སྤུས་ཚད་གསར་སྐྲུན་དང་མཐོར་འདེགས་སུ་གཏོང་ཐུབ་པ་འགན་སྲུང་བྱེད་དགོས་ཟེར།

                                                                                                                        ལོ་ཙཱ་བ། བཀྲ་ཤིས་འབུམ།