དབྱང་ཧྥུན་ཁྲུན་སྐྱེ་ཁམས་ཐོན་ལས་ཀྱི་འགྲེམ་སྟོན་གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་པར་ཞུགས།
2020.08.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བརྒྱད་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་སྐྱེ་ཁམས་ཐོན་ལས་འགྲེམ་སྟོན་དང་བོད་ལུགས་ས་གདན་འགྲེམ་སྟོན་གྱི་གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ་བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་དང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

དབྱང་ཧྥུན་ཁྲུན་གྱིས་བསྟན་དོན། སྐྱེ་ཁམས་འགྲེམ་སྟོན་གྲོས་ཚོགས་བསྡུས་པ་ནི་མཚོ་སྔོན་གྱི་ཐུན་མིན་སྐྱེ་ཁམས་རིན་ཐང་གི་མི་མངོན་པའི་ལེགས་ཆ་དྲིལ་སྒྲོག་འགྲེམ་སྟོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྱི་ནུས་ལྡན་སྟེགས་བུ། གཏན་འཇགས་དྲུག་དང་དངོས་འབེབ་དྲུག་གི་འོས་འགན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ཁོས་བསྟན་དོན། མིག་སྔར། སྐྱེ་ཁམས་འགྲེམ་སྟོན་གྲ་སྒྲིག་གི་དུས་ཚོད་ཚར་ལ་ཉེ་བས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་གྲོས་ཚོགས་ཀྱི་ལངས་གནས་ཁྱད་ཆོས་ཁོང་དུ་ཆུད་ཐུབ་པར་བྱེད་པ། གནད་དོན་ལ་གཟབ་ནན་སྒོས་ལེགས་སྒྲིག་དང་ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱེད་པ ། རིག་ལམ་བྱེད་ཐབས་གསར་གཏོད་དང་འགན་འཁྲིའི་ཁག་ཁུར་ལ་ཤུགས་སྣོན་བྱས་ཏེ་དམིགས་བསལ་གྱི་འགྲེམ་སྟོན་མངོན་འགྱུར་བྱ་དགོས་ཟེར།

ལོ་ཙྰ་བ། རིག་འཛིན་ཐར།