ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས།
2020.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁའ་དམག་མཁའ་སྐྱོད་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཏང་གི་སྲོག་ཤིང་དང་དམག་དཔུང་གི་དམག་སྤྱིས་རྒྱལ་ཕྱུག་དང་དམག་དར། བདེ་འཇགས་དང་འཕེལ་རྒྱས། དཔལ་འབྱོར་དང་རྒྱལ་སྲུང་བཅས་ཐད་ཀྱི་འཐབ་ཇུས་ཇུས་བཀོད་མཚོན་ཡོད་ལ། དེ་ནི་ཏང་གི་དམག་དོན་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་བཏང་བ་ཡིན་ལ། དུས་རབས་གསར་པར་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པའི་རྩ་འཛིན་གལ་ཆེན་ཡང་ཡིན་པས། ཏང་གིས་དྲག་ཆས་བྱ་བར་དོ་དམ་བྱེད་ཚད་བསྟུད་མར་སྲ་བརྟན་དང་ཟབ་མོར་གཏོང་བ་དང་། རྒྱལ་སྲུང་སྐུལ་སློང་གྲ་སྒྲིག་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་བ་ཆེན་པོ་བཟང་བོར་སྒྲུབ་པ་བཅས་བྱས་ཏེ། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་སྔར་ལས་བཟང་བོ་བསྐྲུན་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལོ་ཚོགས་ཀྱི་བརྙན་རིས་ཚོགས་འདུ་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་ཤིས་ཚིག་གིས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་མཐོ་ཚད་ནས། ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་གི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་པ་དང་། རིམས་ནད་ཀྱི་གནོད་པའི་འོག་གི་འཛམ་གླིང་གི་འཕེལ་རྒྱས་ཐད་ཇུས་བཟང་བཏོན་ལ། དེ་འཛམ་གླིང་གི་འཕེལ་རྒྱས་ལ་གལ་ཆེ་ཞིང་ཡུན་རིང་བའི་མཛུབ་སྟོན་དོན་སྙིང་ལྡན་པས། ཁྱོན་ཡོངས་གཉིས་ལ་རྐང་འཛུགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རང་འགུལ་གྱིས་ཞབས་འདེགས་ཞུ་བ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོདང་རྒྱལ་ནང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་ཁྲོད་ཧུར་ཐག་གིས་འདྲེས་པར་བྱེད་པ། བཅོས་སྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་རྒྱུད་གཅིག་ལམ་གཅིག་གི་ཁྲོད་དུ་ཞུགས་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པར་གོ་སྐབས་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིབ་འཇུག་སློབ་མའི་སློབ་གསོའི་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱིས་ཞིབ་འཇུག་སློབ་མའི་སློབ་གསོར་ཧ་ཅང་མཐོང་ཆེན་གནང་བ་མཚོན་ལ། དུས་རབས་གསར་པར་རིམ་པ་མཐོ་བའི་འཇོན་མི་མྱུར་དུ་སྐྱེད་སྲིང་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། བསྲུང་བྱ་འདོན་སྤྲོད་བྱས་ཡོད་པས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། མཚོ་སྔོན་གྱི་དེང་གི་དགོས་མཁོ་དང་མ་འོངས་པའི་དགོས་མཁོར་དམིགས་པ་བཅས་བྱས་ཏེ། རིམ་པ་མཐོ་བའི་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱས་ནས། མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་རིག་སྟོབས་ཀྱི་རྒྱབ་རྟེན་སྔར་ལས་བརྟན་པོ་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་བསམ་བློ་གཅིག་གྱུར་དང་ལྟ་བ་གཅིག་སྡུད་ཀྱི་ནོར་བུ་ཡིན་ལ། མྱུར་བ་མྱུར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་པའི་གཏམ་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དོན་གྱི་སྙིང་བོ་དང་དགོངས་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་ལེན་པ་ནི། ལམ་ལུགས་ཀྱི་བཀོད་སྒྲིག་དང་བཅོས་སྐྱོང་གི་བླང་བྱ་ཡིན་ལ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་དེ་བས་ཀྱང་ཡིན། སློབ་སྦྱོང་འཛིན་རྒྱུ་ནི་ཨང་དང་པོར་བརྩི་དགོས་པ་དང་། ཆབ་སྲིད་གཙིགས་སུ་འཛིན་རྒྱུ་དེ་བྱེ་བྲག་ཏུ་འཛིན་དགོས་པས། སེམས་སུ་གདེང་ཚོད་ཡོད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ལ་བརྟེན་ནས། རྗེས་སྙེག་གི་ཁྲོད་དུ་སློབ་པ་དང་། ལག་བསྟར་གྱི་ཁྲོད་དུ་སློབ་པ། ཐོས་བསམ་སྤྱོད་གསུམ་མཉམ་སྦྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་གྱིས་སྦྱངས་པ་དང་། ཤེས་པ། དད་པ། སྤྱོད་པ་རྣལ་མར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་སྟེ། སྦྱོར་བ་དངོས་ལས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས།

གྲོས་ཚོགས་ལས་དོན་དག་གཞན་པར་ཞིབ་འཇུག་བྱས།

ལོ་ཙཱ་བ། ཕྱུག་ལོ།