ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་ང་དགུ་བ་ཟི་ལིང་ནས་ཚོགས།
2020.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བརྒྱད་པའི་ཚེས་བདུན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་ང་དགུ་བ་ཟི་ལིང་ནས་ཚོགས། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཀྲུའུ་རིན་གཞོན་པ་ཀའོ་ཧྭ་དང་ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་སྟེང་བཏོན་པའི་གྲོས་གཞི་དང་འཚོགས་པའི་དུས་ཚོད་སྐོར་གྱི་ཡར་ཞུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་རིམ་འཆར་ཟིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་གི་ཞིབ་བཤེར་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་སོགས་ལ་རིམ་པ་བཞིན་ཉན།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་བཏོན་པའི་གྲོས་གཞི་དང་འཚོགས་པའི་དུས་ཚོད་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྒོ་ཕྱུགས་བཤའ་ལས་དོ་དམ་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་སྤྱི་ཐུན་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག་འཆར་ཟིན། མཚོ་སྔོན་ཞིང་ཆེན་དུག་འགོག་སྲོལ་ཡིག་འཆར་ཟིན། མཚོ་སྔོན་ཞིང་ཆེན་མཐོ་སྒང་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་སྐུལ་འདེད་སྲོལ་ཡིག་འཆར་ཟིན་སོགས་ཀྱི་གྲོས་གཞི་གྲ་སྒྲིག་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་རིམ་པ་བཞིན་ཉན། ཟི་ལིང་གྲོང་ཁྱེར་གྱི་ནགས་ཚལ་ལྗང་སྒྱུར་ཞིབ་བཤེར་སྲོལ་ཡིག་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྡོད་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོབ་དང་དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་ཞིང་གི་ལག་བསྟར་བྱེད་ཐབས་སྐོར་གྱི་ལག་བསྟར་གནས་ཚུལ་སོགས་གྲ་སྒྲིག་གནས་ཚུལ་སྐོར་གྱི་ཡར་དང་དེ་མིན་འབྲེལ་ཡོད་ཆེད་དོན་འདྲི་གཅོད་གྲ་སྒྲིག་གནས་ཚུལ་སྐོར་གྱི་ཡར་ལ་ཉན།

ཚོགས་ཐོག་ནས་ཉིས་སྟོང་ཉི་ཤུ་ལོའི་ལོ་སྟོད་ཀྱི་འཆར་འགོད་དང་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་དང་རྩིས་བཤེར་དང་དེ་མིན་ཉིས་སྟོང་བཅོ་བརྒྱད་ལོའི་རྩིས་བཤེར་ཁྲོད་རྩད་ཆོད་པའི་གནད་དོན་ལ་དག་ཐེར་བཅོས་སྐྱོང་གནས་ཚུལ་སྐོར་གྱི་སྙན་ཞུ་ལྔ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་འགན་སྲུང་བྱེད་པའི་སྐོར་གྱི་ཆོད་དོན་སོགས་ལ་གྲོས་སྡུར་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།