ལིས་ཁི་ཆང་གིས་སིང་ག་ལའི་ཙུང་ལི་གསར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
2020.08.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 26

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བརྒྱད་པའི་ཚེས་དགུ་ཉིན་ལཱ་ཅཱ་ཕཱ་ཁི་སཱ་ལ་གློག་འཕྲིན་བཏང་སྟེ། ཁོས་སིང་ག་ལ་དམངས་གཙོ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་འཁུར་བར་རྟེན་འབྲེལ་ཞུས། 

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་སིང་ག་ལཱའི་སྲོལ་རྒྱུན་མཛའ་མཐུན་ཟབ་པ་དང་། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་ཕན་ཚུན་རོགས་འདེགས་དང་མི་རབས་ནས་མི་རབས་ལ་མཛའ་མཐུན་བྱེད་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ་གཏིང་ཟབ་ཏུ་སྤེལ། ཁྱད་པར་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་རོགས་རམ་བྱས་ཏེ་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱས་པས། ཀྲུང་གོ་དང་སིང་ག་ལཱའི་མཛའ་བཤེས་སྲ་བརྟན་དང་ཇེ་ལེགས་སུ་སོང་ཡོད་ཅེས་གསུངས། 

ལིས་ཁི་ཆང་གིས་བསྟན་དོན། ཙུང་ལི་ལཱ་ཅཱ་ཕཱ་ཁི་སཱ་ཡིས་དུས་ཡུན་རིང་བོར་ཀྲུང་གོ་དང་སིང་ག་ལཱའི་མཛའ་མཐུན་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ལཱའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། སིང་ག་ལཱའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་སིང་ག་ལཱའི་འབྲེལ་བ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཡར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།