ཏུའུ་ཅེ་ཡིས་ཟི་ལིང་ནས་གྲོས་འདོན་གཙོ་བོའི་ལྟ་སྐུལ་བྱ་བར་རྟོགས་ཞིབ་བྱས།
2020.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བརྒྱད་པའི་ཚེས་བཞི་ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་འདོན་ཨུ་ཡོན་ལྷན་ཁང་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་འགོ་ཁྲིད་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་འགའ་ཁྲིད་དེ་ཟི་ལིང་གྲོང་ཁྱེར་དུ་གྲོང་ཁྱེར་གྱི་མཚན་ཁྲོམ་དཔལ་འབྱོར་འཕེལ་རྒྱས་ཀྱིས་གྲོང་ཁྱེར་ལ་གསོན་ཤུགས་དང་སྤུས་ཚད་མཐོ་བའི་མཚོ་བར་རོགས་འདེགས་བྱེད་པའི་འབྲེལ་ཡོད་གྲོས་འདོན་བྱ་བར་རྟོགས་ཞིབ་བྱས།

རྟོགས་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གྲོས་འདོན་བྱ་བ་སྤེལ་བའི་གནས་ཚུལ་ངོ་སྤྲོད་སོགས་ལ་ཉན་པ་མ་ཟད་ཟི་ལིང་གྲོང་ཁྱེར་ལྔ་གཅིག་ཞོགས་ཁྲོམ་དང་ཤམ་ལྷ་ལ་ཚོང་ལས་དཀྱིལ་སྙིང་སོགས་སུ་ཡུལ་དངོས་ནས་མཚན་ཁྲོམ་དང་ཞོགས་ཁྲོམ་གྱི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་བལྟས།

ཏུའུ་ཅེ་ཡིས་བསྟན་དོན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཅིག་བསྡུས་གྲོས་འདོན་གྲོས་གཞི་ནི་རང་ཞིང་གི་མིག་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་མཐུན་ཞིང་དམིགས་སའི་རང་བཞིན་ལྡན། འབྲེལ་ཡོད་འགན་ལེན་སྡེ་ཁག་གིས་གཙིགས་ཆེན་དང་རང་འགུལ་སྒོས་མཐུན་སྦྱོར་བྱས་ཏེ་འབྲེལ་ཡོད་ལག་བསྟར་གྲོས་གཞི་དང་མཛུབ་སྟོན་བསམ་འཆར་བཏོན་ཏེ་གྲོས་འདོན་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ།

ལོ་ཙྰ་བ།  རིག་འཛིན་ཐར།