རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་སོགས་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་དྲུག་པས་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་རྒྱུ་གཏན་འཁེལ་བྱས་པར་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བསྟན།
2020.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་སྒྲུབ་ཁང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཅས་ཀྱིས་སོ་སོར་གསལ་སྒྲོག་སྤེལ་ཏེ་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་དྲུག་པས་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བར་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པར་མ་ཟད། འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པར་གཞོགས་འདེགས་བྱེད་ངེས་ཡིན་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་དྲུག་པས་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་པའི་སྐོར་གྱི་ཆོད་དོན་གཏན་ལ་ཕབ་པར་དོན་སྙིང་གལ་ཆེན་ལྡན་པ་དང་དགོས་གལ་ཤིན་ཏུ་ཆེ་བས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་དྲུག་པས་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་པར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་ཞིག་འདོན་སྤྲོད་བྱས་ཟེར།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆོད་དོན་ནི་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་གཏན་ལ་ཕབ་པ་ཡིན་པ་དང་དེ་ལ་འགྲན་རྩོད་བྱེད་མི་རུང་བའི་བཅའ་ཁྲིམས་ཀྱི་དབང་ཟིལ་ལྡན་ཟེར།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨུ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་དྲུག་པས་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་རྒྱུ་གཏན་འཁེལ་བྱས་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

ལོ་ཙཱ་བ། བཀྲ་ཤིས་འབུམ།