མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་ཤར་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་བྱས།
2020.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིན་དང་ཧན་ཡུས་ཀོས་སོགས་མཚོ་ཤར་གྲོང་ཁྱེར་དུ་སོང་སྟེ་བྱ་བར་རྟོག་ཞིབ་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁུན་ལིན་མེན་དང་གྲོང་ཁྱེར་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཆི་ཀྲང་དང་ཀྲུའུ་རིན་གཞོན་པ་ཀྲང་ཀྲིན་ཧྭ་སོགས་ཀྱིས་འགྲོ་རོགས་བྱས་ཏེ་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཁག་གིས་སྔ་གཞུག་ཏུ་ཕེན་ཨན་ས་ཁུལ་གྱི་ལོ་ཆུང་ན་གཞོན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝེ་ཡོན་གྲོང་རྡལ་ལོ་ཆུང་ན་གཞོན་བྱ་འགུལ་ལྟེ་གནས། མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཙུང་པོ་ཞང་སོགས་སུ་སོང་སྟེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་གནས་ཚུལ་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྒྲུབ་པའི་གནས་ཚུལ། སྒྲིག་གཞི་བཅོས་སྒྱུར་བྱས་རྗེས། རྫོང་རིམ་པའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་འཛུགས་སྐྲུན་དང་བྱ་བ་སྒྲུབ་པའི་གནས་ཚུལ་དང་དེ་མིན་གནས་པའི་གནད་དོན་དང་དཀའ་ཁག དུས་སྐབས་གསར་བའི་འོག་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བ་ཇི་ལྟར་ལེགས་སྒྲུབ་དང་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་སོ་སོར་བཞུགས་མོལ་ཚོགས་འདུ་བསྡུས།

ཁུན་ལིན་མེན་གྱིས་བསྟན་དོན། མཚོ་ཤར་གྲོང་ཁྱེར་གྱིས་ཐེངས་འདིའི་རྟོག་ཞིབ་གོ་སྐབས་སུ་བཟུང་སྟེ་མུ་མཐུད་ནས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། བྱ་བ་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་གང་ལེགས་བྱས་ནས། ལོ་ཆུང་ན་གཞོན་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཞབས་ཞུ་བཟང་བོ་བསྒྲུབ་ངེས་ཡིན་ཟེར། 

ལོ་ཙཱ་བ། བཀྲ་ཤིས་འབུམ།