ཁུང་ཡུང་གིས་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་གཞུང་ལམ་དང་ཅ་ཏེན་ནས་ནུབ་མཚོ་བར་གྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2020.08.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁུང་ཡུང་གིས་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་གཞུང་ལམ་དང་ཅ་ཏེན་ནས་ནུབ་མཚོ་བར་གྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། ཁུང་ཡུང་སྔ་གཞུག་ཏུ་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་ལས་གཞིའི་ཡོན་ཅ་ཁུག་ལྟ་སྐུལ་ཚོད་འཛིན་ལྟེ་གནས་དང་ཧུའུ་ཀྲུའུ་བྱང་རིའི་སྦུགས་ལམ་སོགས་ལས་གཞི་ལག་བསྟར་བྱེད་ཡུལ་དུ་སོང་སྟེ་ལས་གཞི་འཛུགས་སྐྲུན་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་དངོས་འབེབས་བྱས་པ་སོགས་ཀྱི་གནས་ཚུལ་ལྟ་ཞིབ་བྱས་པ་དང་། ལས་གཞི་ལག་བསྟར་བྱེད་སྐབས་ཐུག་པའི་དཀའ་ཁག་དང་གནད་དོན་མཐུར་སྦྱོར་སྒོས་ཐག་བཅད།

ཁུང་ཡོང་གིས་བསྟན་དོན། འགྲིམ་འགྲུལ་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་མང་ཚོགས་ཕྱིར་འགྲོ་བར་སྟབས་བདེ་བཟོ་བ། གྲོང་ཁྱེར་གྱི་རྣམ་པ་ལེགས་སྒྱུར་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ་དང་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་། འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ། མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་པ། ལས་གཞི་གཙོ་བོ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་འགྲིམ་འགྲུལ་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་པར་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔ་མོ་ནས་འགྲིམ་འགྲུལ་འཛུགས་སྐྲུན་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།

ཁུང་ཡུང་གིས་བསྟན་དོན། ལྟ་སྐུལ་དོ་དམ་ལས་ཁུངས་དང་ལས་གཞི་ལག་བསྟར་ལས་ཁུངས་ཀྱིས་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ཤིང་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པ་དང་། འགན་སྲུང་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། འགྲིམ་འགྲུལ་ལས་གཞི་གཙོ་བོ་དུས་ལྟར་འཛུགས་སྐྲུན་བྱེད་པར་འགན་སྲུང་བྱེད་པ་དང་། སྔོན་དཔག་དུས་སྐབས་ཀྱི་འཛུགས་སྐྲུན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་དེ་ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་དང་མཐུན་པར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཨར་ལས་དང་ཁོར་སྲུང་ཨར་ལས་རྒྱུན་འཁྱོངས་བྱེད་དགོས་ལ། དུས་ཐོག་ཏུ་ལས་གཞི་འཛུགས་སྐྲུན་བྱས་རྗེས་ཀྱི་སྐྱེ་ཁམས་སླར་གསོ་བྱ་བ་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་སྒོས་ལྗང་མདོག་གཞུང་ལམ་དང་སྐྱེ་ཁམས་གཞུང་ལམ་འཛུགས་སྐྲུན་བྱེད་དགོས་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།