ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ་དང་། ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གཉིས་ཀ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཅང་ཧྲིན་ཡའོ་དང་ནུབ་བྱང་ཞིང་ནག་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་ཝུའུ་ཕུའུ་ཐི། ཀྲུང་གོ་ས་གཤིས་སློབ་ཆེན་གྱི་སློབ་གཙོ་སུན་ཡུག་ཧོང་། ཧྭ་ཏུང་རང་བྱུང་རིག་པའི་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཏུའུ་ཧོས་ཧྥང་། པེ་ཅིན་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཡོན་ཙི་ཧོང་། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་གྱི་རྒྱུན་ལས་སློབ་གཙོ་གཞོན་པ་ཏེན་ཁོས་ལིསན་བཅས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད།

ཁྲིན་ཞུའུ་ཡིས་ཁ་གཏད་རོགས་སྐྱོར་གྱི་མཐོ་རིམ་སློབ་གྲྭའི་ཚབ་བྱས་ཏེ་བསྟན་དོན། རོགས་སྐྱོར་མཐོ་རིམ་སློབ་གྲྭ་སོ་སོས་ཧུར་ཐག་སྒོས་སློབ་གསོ་པུའུ་ཡི་བཀོད་སྒྲིག་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་རེ་བ་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཉིས་སྟོང་བཅུ་དགུ་ལོའི་ཁ་གཏད་རོགས་སྐྱོར་བྱ་བ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་། ཁ་གཏད་རོགས་སྐྱོར་མཐོ་རིམ་སློབ་གྲྭ་སོ་སོས་མཚོ་སྔོན་སློབ་ཆེན་དང་ལག་རྡང་སྦྲེལ་ཏེ་རྒྱུན་མཐུད་སྒོས་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་སློབ་ཆེན་གྱི་སློབ་སྒྲུབ་ཕྱོགས་བསྡུས་ནུས་པ་ཇེ་ཆེར་འགྲོ་བར་རོགས་འདེགས་བྱེད་པར་མ་ཟད། ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི་དེང་ཅན་སློབ་ཆེན་ཞིག་འཛུགས་སྐྲུན་བྱེད་ངེས་ཡིན་ཟེར།

དབྱང་ཀྲི་ཝུའུ་ཡིས་ཐོག་མར་ཁ་གཏད་རོགས་སྐྱོར་མཐོ་རིམ་སློབ་གྲྭ་སོ་སོས་མཚོ་སྔོན་སློབ་ཆེན་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། ཉིས་སྟོང་གཅིག་ལོ་ནས་ད་ལྟའི་བར། ཆིན་ཧྭ་སློབ་ཆེན་གྱིས་སྣེ་ཁྲིད་དེ་རྒྱལ་ནང་གི་མིང་གྲགས་སློབ་གྲྭ་དྲུག་རྩ་འཛུགས་བྱས་ནས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས། ལོ་བཅུ་དགུ་ལ་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པ་དེ་ལས་དྲོད་ཁོལ་སྐྱེལ་ཞིང་སྙིང་སྟོབས་མཚོན་པར་བྱས་ཡོད་པ་དང་། ལོ་བཅུ་དགུ་ལ་མཐོ་རིམ་སློབ་གྲྭ་སོ་སོས་ཇུས་གཞི་འགོད་པ་དང་སྟོབས་ཤུགས་འདོན་པའི་རེ་སྙེག་ནི་ཕན་འབྲས་ཡིན་པ་དང་ཐོབ་པ་ནི་གྲུབ་འབྲས་ཡིན་ལ། ལོ་བཅུ་དགུ་ལ་རྒྱུན་མཐུད་སྒོས་འབད་འཐབ་བྱས་པ་རྒྱུན་འཁྱོངས་ལ་བརྟེན་པ་དང་རིམ་འཕར་ལ་རེ་སྒུག་བྱས་ཡོད་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།