མཚོ་སྔོན་སྐྱེ་ཁམས་ཐོན་ལས་འགྲེམས་ཚོགས་དང་བོད་ལུགས་ས་གདན་འགྲེམས་སྟོན་གྱི་བྱ་འགུལ་འགོ་རྩོམ་མཛད་སྒོ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ནས་བསྡུས།
2020.09.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

༼  གསར་འགོད་པ། སྐལ་བཟང་རྣམ་རྒྱལ།༽    ཟླ་དགུ་པའི་ཚེས་དྲུག་ཉིན། སྐྱེ་ཁམས་དཔལ་ཡོན་མཉམ་འཛུགས་དང་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་ཅེས་པ་བརྗོད་གཞི་ཡིན་པའི་མཚོ་སྔོན་སྐྱེ་ཁམས་ཐོན་ལས་འགྲེམས་ཚོགས་དང་བོད་ལུགས་ས་གདན་འགྲེམས་སྟོན་གྱི་བྱ་འགུལ་འགོ་རྩོམ་མཛད་སྒོ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ནས་བསྡུས། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་། ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཁྲིན་ཅན་ཨན། ཀྲུང་གོ་རུ་སྡོད་པའི་ཝུའུ་ལ་ཀོས་ཀྱི་ཕོ་ཉ་ཧྥེ་ཨར་ནན་ཏོ་ལུའུ་ཀི་ལིས་སི། ཀྲུང་གོ་རུ་སྡོད་པའི་ཐེ་གོའི་ཕོ་ཉ་ཨ་ཐ་ཡུས་ཞི་ས་མུའུ། ཀྲུང་གོ་རུ་སྡོད་པའི་མ་ཏཱ་ཅ་སི་ཅ་ཡི་ཕོ་ཉ་ལུའུ་དབྱིས་ལོ་པན་སུང་བཅས་མཉམ་དུ་གྲོས་ཚོགས་ལ་ཞུགས། ཞིན་ཁྲང་ཞིན་དང་ཁྲིན་ཅན་ཨན་གཉིས་ཀྱིས་རིམ་པ་ལྟར་ཤིས་ཚིག་ཕུལ། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་འགོ་འཛིན་བྱས།

ཞིན་ཁྲང་ཞིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འགྲེམས་ཚོགས་སྟེང་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་ཕྱོགས་སོ་སོའི་སྐུ་མགྲོན་རྣམས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མིའི་རིགས་ཀྱི་མ་འོངས་པར་སེམས་ཁུར་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་གཏིང་ཟབ་དང་། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཡིད་ལ་བརྟན་པོར་ཉར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་བཏོན་པའི་ཆེས་ཆེ་བ་གསུམ་གྱི་རེ་བ་གལ་ཆེན་ལག་ལེན་ནན་མོ་བྱས་ནས། མཐའ་གཅིག་ཏུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁུར་དེ་ཇེ་བརྟན་དུ་བཏང་བ་རེད། ཐོག་མར་གཙང་གསུམ་འགོ་ཁུངས་དང་། ཆི་ལིན་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྒྲིག་གཞིའི་ཚོད་ལྟའི་ལྟེ་གནས་བཅས་ལ་སྐུལ་སྤེལ་བྱས་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བྱ་བ་རྒྱ་ཆེར་བསྒྲུབས་པ་དང་། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་མཐའ་བསྐོར་ནས། ལྗང་མདོག་ཚུལ་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། དམངས་ཀྱི་ཆེད་དུ་སྐྱེ་ཁམས་འཛིན་པ་དང་། སྐྱེ་ཁམས་ཀྱིས་མང་ཚོགས་ལ་ཕན་ཁེ་སྐྲུན་ཐུབ་པར་བྱས། ཐེངས་འདིའི་འགྲེམས་སྟོན་ཚོགས་འདུ་ཡིས་ཕན་ཚུན་མཉམ་ལས་མཉམ་སྒུལ་དང་། མཉམ་གླེང་མཉམ་འབྲེལ་བཅས་ཀྱི་སྟེགས་བུ་ཞིག་བསྐྲུན་ནས། འགྲེམས་སྟོན་བཀྲམ་པ་དང་ཕན་ཚུན་བརྗེ་རེས་བྱེད་པའི་སྒེའུ་ཁུང་ཞིག་འདོན་སྤྲོད་བྱས་པ་རེད་ལ། ཕན་ཚུན་གསར་སྐྲུན་སློབ་སྦྱོང་དང་གསབ་རེས་བྱེད་པ་དང་། མཉམ་ལས་གཉིས་རྒྱལ་གྱི་ཚོང་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པ་རེད། ང་ཚོས་ཐེངས་འདིའི་འགྲེམས་སྟོན་ཚོགས་འདུ་གོ་སྐབས་སུ་བཟུང་ནས། སྒོ་འབྱེད་ཀྱི་ཆུ་ཚད་རྒྱ་སྐྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། འདིར་བཞུགས་ཀྱི་སྐུ་མགྲོན་རྣམས་ཀྱིས་བསམ་ཚུལ་དངོས་མ་བརྗོད་དེ། བསམ་བློའི་དྲན་འཆར་མི་འདྲ་བའི་མེ་སྟག་མཆེད་དུ་བཅུག་ནས། མཉམ་ལས་ཀྱི་ས་བོན་རྒྱས་པར་བྱས་ནས། མཉམ་དུ་མཛེས་སྡུག་གི་ཁྱིམ་གཞི་ཞིག་འཛུགས་སྐྲུན་བྱེད་པའི་རེ་བ་ཡོད། ང་ཚོས་མཉམ་དུ་ལག་རྡང་སྦྲེལ་ཏེ་མདུན་བསྐྱོད་བྱེད་པ་དང་། སྐྱེ་ཁམས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་བྱས་ནས། ལྗང་མདོག་དེ་སྐྱེ་ཁམས་དཔལ་ཡོན་གྱི་ཆེས་མངོན་གསལ་གྱི་ཁྱད་ཆོས་སུ་འགྱུར་དུ་འཇུག་དགོས་ལ། མི་དམངས་ཀྱི་ཆེས་མཛེས་པའི་ཁྱིམ་གཞིའི་ཁ་དོག་གཙོ་བོ་ཞིག་ཏུ་འགྱུར་དུ་འཇུག་དགོས་པ་མ་ཟད། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ཁ་དོག་ཆེས་ལྷན་ནེ་གནས་པ་དེ་ཡིན་དགོས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་། འཛམ་གླིང་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ། མིའི་རིགས་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་བྱས་རྗེས་འཇོག་དགོས་ཟེར།

ཁྲིན་ཅན་ཨན་གྱིས་ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་འཐུས་ཚབ་བྱས་ཏེ་ཐེངས་འདིའི་འགྲེམས་སྟོན་ཚོགས་འདུ་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། དེང་གི་འཛམ་གླིང་གིས་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་གསར་པ་ཞིག་བརྒྱུད་བཞིན་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ལ་ཉེན་ཁ་དང་ཉམས་སད་ཆེན་པོ་ཞིག་བྱས་ནས། འཛམ་གླིང་དཔལ་འབྱོར་དེ་ཉམས་རྒུད་གཏིང་ཟབ་བྱུང་དུ་བཅུག་ཡོད། མིའི་རིགས་ནི་སྐྱིད་ཀྱི་རྟ་བོ་མཉམ་ཞོན་དང་སྡུག་གི་འཁུར་བོ་མཉམ་འཁུར་བྱེད་པའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་རེད། རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་དང་བརྗེ་རེས་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་གྱིས་བཏོན་པའི་རེ་བ་རེད། རིམས་ནད་ལ་ཁ་གཏད་གཞལ་ཡང་རུང་། དཔལ་འབྱོར་སླར་གསོ་ཡིན་ཡང་བླ། དེ་དག་གང་ཡིན་རུང་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་བུ་བརྒྱུད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ནན་བཤད་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་གསུངས་པ་ནང་བཞིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ལོ་འདི་དག་ལ། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐིལ་ཕྱིན་བྱས་ཏེ། རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་དང་མཉམ་འདྲེས་ཡོང་བར་བྱས་ནས། ཧུར་ཐག་གིས་སྐྱེ་ཁམས་གཙིགས་སུ་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་ཁ་ཕྱོགས་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་རེད། ཐེངས་འདིའི་འགྲེམས་སྟོན་ཚོགས་འདུ་ཡིས་ཕྱོགས་ཡོངས་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་ཡོད་པ་མ་ཟད། ཀྲུང་ཕྱིའི་སྐྱེ་ཁམས་ཐོན་ལས་ལ་བརྗེ་རེས་ཀྱི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཡོད་པས། ཁ་གཏད་ཀྱི་རང་བཞིན་ཤིན་ཏུ་དྲག་པོ་ལྡན། རེ་བ་ཡིན་ན་ཚང་མས་ཐེངས་འདིའི་གོ་སྐབས་ལེགས་པོ་འདི་བེད་སྤྱད་དེ། མཉམ་ལས་མཉམ་རྟོགས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། ཚོང་གཉེར་མཉམ་ལས་ཀྱི་གོ་སྐབས་འཚོལ་བར་ཤུགས་བསྣན་ནས་དངོས་གཉེར་གྱི་གྲུབ་འབྲས་ལོན་དུ་འཇུག་དགོས། ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ཚོགས་པས་མཚོ་སྔོན་ཞིང་ཆེན་དང་འབྲེལ་ཡོད་ལས་ཁུངས་ལ་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་སོ་སོའི་སྐྱེ་ཁམས་ཐོན་ལས་མཉམ་ལས་བྱས་ཏེ། ལས་གཞི་སྦྲེལ་མཐུད་ཀྱི་ཟམ་སྟེགས་དང་། ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཀྲུང་ཕྱིའི་ཉོ་ཚོང་བརྗེ་རེས་ལ་སྐུལ་འདེད་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་ལ་སྐུལ་སྤེལ་བྱེད་པར་བྱས་རྗེས་སྔར་ལས་ཆེ་བ་འཇོག་འདོད་ཡོད་ཟེར།

བྱ་འགུལ་གྱི་འགོ་རྩོམ་མཛད་སྒོའི་སྟེང་དུ་ཞུགས་པའི་འགོ་ཁྲིད་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རོས་ཧྥིན། ཧྲིན་ཀྲང་གཞོན་པ་ཀྲང་ལིས་དང་ལིའུ་ཐོ་བཅས་ཡོད།

བྱ་འགུལ་གྱི་འགོ་རྩོམ་མཛད་སྒོའི་སྟེང་དུ་ཕེབས་པའི་ཀྲུང་གོ་རུ་སྡོད་པའི་ཕྱི་རྒྱལ་གྱི་ཕོ་ཉ་སྐུ་མགྲོན་ནི། ཀྲུང་གོ་ཤར་ཕྱོགས་མཉམ་འབྲེལ་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ་ཁྲིན་ཏུ་ཧེ། ཀྲུང་གོ་རུ་སྡོད་པའི་ཨ་གན་ཐེན་གཞུང་ཚབ་ཁང་གི་ཕོ་ཉ་ཀུའུ་སི་ཐ་བོ་ས་པེན་ནོ་ཁ་བ་ནར་བ་ཧྭ། ཀྲུང་གོ་རུ་སྡོད་པའི་ཁེན་ནེ་ཡའི་གཞུང་ཚབ་ཁང་གི་ཕོ་ཉ་ཨ་ཏི་ཧྭ་དཔའ་ཝེ་ལུའུ་ཇེ་མན་ནེ། ཀྲུང་གོ་རུ་སྡོད་པའི་ཧན་གོའི་གཞུང་ཚབ་ཁང་གི་ཕོ་ཉ་ཞན་ཚིན་ཙན་ཧོང་ཆིས་རོང་། ཀྲུང་གོ་རུ་སྡོད་པའི་ཁ་ན་ཏ་གཞུང་ཚབ་ཁང་གི་ཕོ་ཉ་མཚན་འཛིན་པེ་མེ་ཞིན། ཀྲུང་གོ་རུ་སྡོད་པའི་ཀྲི་ལི་གཞུང་ཚབ་ཁང་གི་ཕོ་ཉ་མཚན་འཛིན་ཏུའུ་ཞའེ་ཞན་ཝུའུ། ཀྲུང་གོ་རུ་སྡོད་པའི་ཕ་ཁུ་སི་ཐན་གཞུང་ཚབ་ཁང་གི་ཕོ་ཉ་པཱ་ཏར་ཝུའ་ས་མན། ཀྲུང་གོ་རུ་སྡོད་པའི་རུ་བང་ཏ་གཞུང་ཚབ་ཁང་གི་ཕོ་ཉ་མཚན་འཛིན་ལུའུ་བུན་ཅེ། ཀྲུང་གོ་རུ་སྡོད་པའི་སེ་ཨར་ཝེ་ཡ་གཞུང་ཚབ་ཁང་གི་ཕོ་ཉ་མཚན་འཛིན་མ་ལིས་ཨན་པོ་ཙོ་ཝེ་སོགས་ཡོད།

ཚོགས་འདུའི་འགོ་མ་བརྩམས་སྔོན་ལ། ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཀྱིས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས།

རྒྱུས་ལོན་པ་ལྟར་ན།ཐེངས་འདིའི་འགྲེམས་སྟོན་ཚོགས་འདུ་ནི་ཞིང་ཆེན་ཚོང་གཉེར་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས།ཚོགས་ཡུན་ཉིན་ལྔའི་ནང་ལ།མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་ཁང་པA.B.Cགསུམ་བཀོད་སྒྲིག་བྱས་ཤིང་།ཐང་ཆེན་འགྲེམས་སྟོན་ཁུལ་གྱི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཁྲི་བཞི་ཡོད་པ་དང་། འགྲེམས་ཁུལ་གྱི་གནས་ཆིག་སྟོང་ཉིས་བརྒྱ་ལྷག་ཡོད། དེའི་ནང་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་ཁང་པAཡི་ནང་དུ་སྐྱེ་ཁམས་དཔལ་འབྱོར་དང་། སྐྱེ་ཁམས་རིག་གནས། སྐྱེ་ཁམས་ལག་རྩལ། སྐྱེ་ཁམས་ཐོན་རྫས་བཅས་རིགས་བཞི་བཀར་ཞིང་། དེའི་ནང་དུ་རང་ཞིང་གི་ནོར་ནག་དང་བོད་ལུག ནས། ཀྲུང་བོད་སྨན་རྫས་སོགས་ས་གནས་ཁྱད་འཕགས་ཟས་རིགས་སོགས་འགྲེམ་སྟོན་བྱས་ཤིང་། ཁང་པBནང་དུ་རྒྱལ་ཁབ་ཕྱི་ནང་གི་ས་གདན་ཐོན་རྫས་མང་པོ་འགྲེམ་སྟོན་བྱས་ཡོད་པ་དང་། ཁང་པCཡི་ནང་དུ་རྒྱལ་ཁབ་ཕྱི་ནང་གི་ཚོང་རྫས་སྣ་ཚོགས་འགྲེམ་སྟོན་བྱས་ཡོད་པ་མ་ཟད། མཚོ་སྔོན་གྱི་ཟས་མཆོག་མྱོང་རོལ་བྱེད་ཡུལ་དང་། ས་གདན་ཡུལ་དངོས་ནས་ཉོ་ཚོང་བྱེད་ཡུལ་སོགས་བཀོད་སྒྲིག་བྱས་ཡོད་ལ། ཐང་ཆེན་གྱི་འགྲེམས་སྟོན་ཁུལ་དུ་མཛེས་པའི་མཚོ་སྔོན་གྱི་བརྙན་པར་དང་། ནུས་ཁུངས་གསར་བའི་རླངས་འཁོར་སོགས་འགྲེམས་སྟོན་བྱས་འདུག