ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གལ་ཆེན་གནང་།
ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚོགས་འདུར་འགོ་འཛིན་མཛད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧི། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་ཚོགས་འདུར་ཞུགས།
ལིས་ཁི་ཆང་གིས་གསུངས་རྒྱུར། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པ་ནི། ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྐྱེད་པའི་གནད་འགག་གི་བྱེད་ཐབས་ཡིན། ཉེ་བའི་ལོ་འགའི་རིང་ལ། གློད་སྡོམ་ཞབས་གསུམ་ཕྱོགས་གསུམ་པོ་དམ་འཛིན་བྱས་པ་དང་གསུམ་གས་ཕན་ཚུན་རྒྱབ་རྟེན་དུ་བྱས་ཏེ། ཁྲོམ་རའི་གཙོ་གཞི་དང་ལས་ཞུགས་ལས་རྐང་འཕར་སྣོན་ཆེས་ཆེར་བྱུང་བ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་གོང་འཕེལ་ཆེན་པོ་བྱུང་ལ། ལས་རྣམ་གསར་པ་དང་རྣམ་པ་གསར་པ་མགྱོགས་མྱུར་ངང་བྱུང་བ་དང་། དཔལ་འབྱོར་གྱི་མཉེན་ཆ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་བ་བཅས་ཀྱིས་ད་ལོའི་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་སླར་གསོ་འཕར་སྣོན་ལ་ཡར་སྐུལ་བྱེད་པར་ནུས་པ་གལ་ཆེན་བཏོན། དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་སྔར་མེད་ཀྱི་འགྲན་རྩོད་དང་འཕྲད་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱས་ནས། གཏན་འཇགས་དྲུག་གི་བྱ་བ་བཟང་པོར་སྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱེད་པར་དམིགས་ཤིང་།ཆེ་ཕྱོགས་སྲིད་ཇུས་ལག་བསྟར་བཟང་པོ་བྱེད་པ་དང་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་གཉིས་ལག་བསྟར་བཟང་པོ་བྱས་ཏེ། ལོ་ཧྲིལ་བོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱས་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་གསར་པའི་རྣམ་པ་གསར་འཛུགས་བྱེད་དགོས།
ལིས་ཁི་ཆང་གིས་བསྟན་དོན། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་ཆེ་ཕྱོགས་སྲིད་ཇུས་ལག་བསྟར་གྱི་དུས་ཚོད་རང་བཞིན་དང་གནད་འཁེལ་རང་བཞིན་མཐོར་འདེགས་སུ་གཏོང་བ་ནི། ད་ལོའི་ཆེ་ཕྱོགས་སྙོམས་སྒྲིག་ཐབས་ཤེས་གསར་གཏོད་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ནོར་སྲིད་མ་དངུལ་ཐད་གཏོང་རྐྱེན་སྲོལ་དོན་འཁྱོལ་བཟང་པོ་བྱེད་པ་དང་། ཁྲལ་འཕྲི་རིན་གཅོག་གི་ཕན་འབྲས་ལ་ཁག་ཐེག་བྱས་ཏེ། ལས་ཞུགས་སྲུང་བ་དང་དམངས་ཚིས་སྲུང་བ། ཁྲོམ་རའི་གཙོ་གཞི་སྲུང་བ་བཅས་ལ་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས། ཡིད་རྟོན་དངུལ་བུན་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ། ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་གི་དངུལ་བསྡུ་ལ་སྔར་ལས་སྟབས་བདེ་བསྐྲུན་དགོས། ལས་ཞུགས་དང་ལྷག་པར་དུ་ལས་ཞུགས་རྣམ་པ་གསར་པར་གནོད་པ་བཟོ་བའི་ལུགས་མཐུན་མིན་པའི་ཚོད་འཛིན་སེལ་ནས། ཡུལ་བབ་དང་བསྟུན་ནས་ལས་ཞུགས་བྱེད་པ་གོང་འཕེལ་དུ་གཏོང་དགོས།
ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་བརྩོན་སེམས་འདོན་སྤེལ་བཟང་པོ་བྱེད་པ་དང་། སྔར་ལས་ཧུར་བརྩོན་དང་དངོས་འཛིན་བདེན་སྒྲུབ་ཀྱིས་དོན་དངོས་དང་སྦྲེལ་ནས་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་འཚོལ་ཞིབ་བྱེད་པ་དང་། མཐུན་སྦྱོར་རང་བཞིན་དང་ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་བ། སྡེ་ཁག་གི་ཁེ་ཕན་དང་ས་གནས་སྲུང་སྐྱོབ་རིང་ལུགས་ཀྱི་བཀག་རྒྱ་གཏོར་བ་བཅས་བྱས་ཏེ། ཁེ་ལས་དང་མང་ཚོགས་ཡིད་ཚིམས་པའི་བཅོས་སྒྱུར་གྲུབ་འབྲས་སྔར་ལས་མང་པོ་བླངས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས་ཟེར།
མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་ཀོང་ཏུང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བ་གཙོ་བོས་གཏམ་བཤད།
ལོ་ཙཱ་བ། ཕྱུག་ལོ།