བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སྟོབས་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་བསྐྲུན་ནས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས》ཞེས་པ་སྤེལ།
2020.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་དཔེ་སྐྲུན་བྱས་པའི་འདོན་ཐེངས་བཅོ་བརྒྱད་པའི《བདེན་འཚོལ》དུས་དེབ་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སྟོབས་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་བསྐྲུན་ནས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པར་འགན་སྲུང་ནུས་ལྡན་བྱེད་དགོས》ཞེས་པ་སྤེལ།

རྩོམ་ཡིག་ནང་བསྟན་དོན། མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་རྡོ་ལྟ་བུ་ཡིན། ང་ཚོས་ཚད་མཐའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཀའ་ཁག་དང་ཉེན་ཁ་རྟག་ཏུ་དྲན་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་བཅས་བྱེད་དགོས་པར་མ་ཟད། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་ཞིག་བཙུགས་ཏེ། སྔོན་ཚུད་ཉེན་གཏོང་དང་ལེན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ལ། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་འགོག་སྲུང་དྲ་རྒྱ་དམ་ཚགས་བཟོ་བ། ལོགས་སུ་འགར་བའི་བྱ་བ་བརྟན་བརླིང་ངང་བསྒྲུབ་པ་ཡིན་ན། ད་གཟོད་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པར་འགན་སྲུང་ནུས་ལྡན་ཏན་ཏིག་བྱེད་ཐུབ་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།