ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུའི་སྟེང་གཏམ་བཤད།
2020.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་གནས་ཀྱི་ནད་གཞི་འགོག་བཅོས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། འགོག་བཅོས་ཟུང་འབྲེལ་དང་མཉམ་འགོག་མཉམ་འཛིན། མང་ཚོགས་ཀྱིས་སྔོན་འགོག་དང་ཚོད་འཛིན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་དང་བདེ་ཐང་གི་དབུལ་སྐྱོར་ལག་བསྟར་བྱེད་དགོས་པར་མ་ཟད། ནུས་ཤུགས་ཡོད་རྒུས་ཐུམ་འབུའི་ནད་འགོག་བཅོས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འགོག་བཅོས་བྱེད་ཐབས་ཇེ་བརྟན་དུ་གཏོང་བ་དང་འགོག་བཅོས་བྱེད་ནུས་ཆེ་རུ་གཏོང་བ། མཉམ་འགོག་མཉམ་བཅོས་དང་མཉམ་ཤུགས་མཁྲེགས་གཏོར་བྱས་པར་བརྟེན། ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཟེར།

ཞིན་ཁྲང་ཞིང་གིས་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ་དང་མཉམ་འགོག་མཉམ་ལས་ལ་ཤུགས་སྣོན་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་གི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ལ། བརྙན་ཐུང་སོགས་ལ་ལྟ་འདོད་ཅིང་ཉན་སྤྲོ་བ་དང་གོ་བདེ་ཤེས་སླའི་བྱེད་ཐབས་སྤྱད་དེ། དྲིལ་བསྒྲགས་འགྲེལ་བཤད་གཏིང་ཟབ་ཏུ་སྤེལ་ནས། མང་ཚོགས་ཀྱི་ནད་འགོག་ནད་བཅོས་ཀྱི་བདེ་ཐང་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་འབད་པས་སྒྲུབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཐེངས་འདིའི་ཚོགས་འདུར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།