མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཀྲུའུ་རིན་གཞོན་པ་མ་ཝེ་དང་ཀའོ་ཧྭ། ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཟོག་བྱ་བཤས་གཏོང་དོ་དམ་སྲོལ་ཡིག་བཟོ་བཅོས་གནས་ཚུལ་དང་མཚོ་སྔོན་ཞིང་ཆེན་མཐོ་སྒང་གི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་སྐོར་གྱི་ཡར་སྐུལ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་གནས་ཚུལ། ཟི་ལིང་གྲོང་ཁྱེར་སྐྱེད་ཚལ་ལྗང་བསྒྱུར་བཟོ་བཅོས་སྲོལ་ཡིག་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ་བཅས་སྐོར་གྱི་གྲོས་ཞིབ་ལ་ཉན། ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ནས་ཕྱིར་རང་རྒྱལ་དུ་ལོག་པའི་ཕྱིར་སྡོད་རང་མི་དང་ཁྱིམ་མིའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་ཞིང་གི་ལག་བསྟར་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་ལ་ཞིབ་བཤེར་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རི་དྭགས་རིམས་འགོག་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག་ལག་བསྟར་གནས་ཚུལ་སྐོར་ལ་ཞིབ་བཤེར་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་ཞུགས་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། 2020ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལེགས་སྒྲིག་འཆར་ཟིན་ཇུས་གཞིའི་ཞིབ་བཤེར་གནས་ཚུལ་དང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུ་དང་མི་དོན་བསྐོ་འཐེན་གྲོས་གཞིའི་སྙན་ཞུ་བཅས་ལ་ཉན། ཚོགས་ཐོག་ནས2019ལོའི་མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་དང་རྟོག་ཞིབ་སྙན་ཞུ། རང་ཞིང་གི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་དོ་དམ་བྱ་བ་དང་འགོས་ནད་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་དང་རྟོག་ཞིབ་སྙན་ཞུ་བཅས་ལ་གྲོས་སྡུར་བྱས། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གི་གྲོས་གཞི་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་གྲོས་རིམ་འཆར་ཟིན་དང་འབྲེལ་ཡོད་ས་ཆ་རང་བཞིན་གྱི་ཁྲིམས་སྲོལ་གྲོས་ཞིབ་བྱེད་པའི་དུས་ཚོད་རྗེས་བསྣུར་བྱེད་པའི་སྐོར་གྱི་གནས་ཚུལ། རང་ཞིང་གི་ལས་ཞུགས་ཡར་སྐུལ་བྱ་བའི་ཆེད་དོན་བློ་འདྲིའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་དང་གསལ་བཤད་ལ་གྲོས་སྡུར་བྱས་པ་དང་། ཐེངས་རྗེས་མའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་རྒྱུའི་རེ་ཞུ་བྱས། ཚོགས་ཐོག་ནས་རྩ་དོན་སྟེང་མཚོ་སྔོན་ཞིང་ཆེན་ས་གནས་ཁྲིམས་འཛུགས་ཞིབ་འཇུག་གདེང་འཇོག་དང་བློ་འདྲི་ཞབས་ཞུའི་རྟེན་གཞི་བྱ་བའི་ཚད་གཞི་དང་གསལ་བཤད་ལ་གྲོས་འཆམ་བྱུང་།

ལོ་ཙཱ་བ། རིན་ཆེན་མཚོ།