ཟླ་དགུ་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རུའེ་ཧྥིན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་ལེའུ་གསུམ་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་བ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉིའོ་ཁྲིན་ཡུན་རྟོག་ཞིབ་ལ་ཞུགས།
ཧུའུ་ཀྲུའུ་རྫོང་གི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་ཤར་སྲང་གཞིས་ཁུལ་དུ། ཁྲིན་རུའེ་ཧྥིན་གྱིས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་དྲིལ་སྒྲོག་བྱ་བར་ཡུལ་དངོས་ལྟ་ཞིབ་བྱས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་ལེའུ་གསུམ་པ་སློབ་སྦྱོང་ནན་མོ་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། མང་ཚོགས་སྒྲོག་འགྲེལ་ཚོགས་པ་དང་དང་བླངས་པའི་དཔུང་སྡེ། འཇོན་མི་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དམིགས་ཡུལ་ལྡན་པ་དང་རིགས་བགར་རང་བཞིན། བརྗེ་རེས་རང་བཞིན་གྱི་སྒྲོག་འགྲེལ་་སྤེལ་བ། མང་ཚོགས་ཀྱི་སྐད་ཆ་དང་ཉེ་འགྲམ་གྱི་དཔེ་གཞི་སྤྱོད་པ་དང་གཞུང་ལུགས་དྲིལ་སྒྲོག་ཁྱབ་གདལ་དུ་གཏོང་རྒྱུ་དམ་འཛིན་བྱེད་པ། གཞུང་ལུགས་ཞིབ་འཇུག་འགྲེལ་བཤད་གཏིང་ཟབ་ཏུ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཧུའུ་ཀྲུའུ་རྫོང་མཁར་གྲོང་གི་ལས་མཚམས་གཙོ་བོ་རུ། ཁྲིན་རུའེ་ཧྥིན་གྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་དྲིལ་སྒྲོག་སྣང་ཚུལ་དང་གྲོང་གསེབ་ཀྱི་ཁོར་ཡུག་སྒྲིག་ལམ་བཅོས་སྐྱོང་མཐོར་འདེགས་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ཁྱབ་ཁོངས་གཙོ་བོ་དངགནད་འགག་དུས་རིམ་འབུར་དུ་ཐོན་པར་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམིགས་འབེན་ལས་འགན་དང་ཚད་གཞི་ལ་དམ་དུ་དམིགས་པ། ལག་བསྟར་གཏིང་ཟབ་བྱེད་པའི་སྟེང་ཤུགས་བཏོན་ནས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་མཐོར་འདེགས་གཏོང་དགོས་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།