མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཆེད་དོན་འཆད་ཁྲིད་བསྡུས།
2020.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་སྐུལ་འདེད་གཏོང་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2019ལོའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གནང་ནས་ལོ་འཁོར་གཅིག་ལོན་ལ་ཉེ་བའི་སྐབས་སུ། ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཀྲུང་གོའི་ཆུ་བེད་ཆུ་གློག་ཚན་རིག་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཧུའུ་ཁྲུན་ཧོང་གིས་ཁ་བྱང་ལ་རྨ་ཆུའི་བཞུར་རྒྱུད་ཀྱི་བདེ་འཇགས་འགན་སྲུང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཞེས་པའི་ཆེད་དོན་འཆད་ཁྲིད་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གཉིས་འཆད་ཁྲིད་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་འགོ་མཛིན་བྱས།

ཧུའུ་ཁྲུན་ཧོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འགྲེལ་ཀློག་བྱེད་པ་ནས་འགོ་འཛུགས་པ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་མཐོ་ཚད་དུ་འགྲེང་བ། ལོ་རྒྱུས་དང་ད་ལྟ། མ་འོངས་པའི་ཕྱོགས་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད། ཇུས་ཆོད་བཟང་བོ་ཁོང་དུ་ཆུད་པར་བྱེད་པ། ཆུའི་ཐོན་ཁུངས་བར་སྟོང་དོ་མཉམ་དང་ཕན་མཐོ་སྡེབས་སྒྲིག་སོགས་ནང་དོན་ལ་འགྲེལ་ཀློག་གསལ་བོ་བྱས་པ་དང་། འཆད་ཁྲིད་ཀྱིས་གནས་ཚུལ་དངོས་ལ་རྐང་བཙུགས་པ་དང་ཡུན་རིང་ལ་དམིགས་པ། ནང་དོན་ཕུན་སུམ་ཚོགས་པ་དང་གོ་དོན་གཏིང་ཟབ་ལ། ལྟ་ཚུལ་དང་བྱེད་ཐབས་འགན་བཏོན།

ཀྲང་ལིས་ཀྱིས་འགོ་མཛིན་བྱེད་སྐབས་བཤད་རྒྱུར། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱེད་པ་དང་། འགོ་ཁྲིད་ཚན་ཆུང་འཛུགས་པ། ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། སྤྱི་ཁོག་ནས་སྤེལ་དགོས། གོ་རིམ་རྗེས་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚན་རིག་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བསམ་བློ་གཅིག་གྱུར་བྱེད་པ་དང་ལངས་གནས་མཐོར་འདེགས་གཏོང་བ། ཆེས་ཆེ་བ་གསུམ་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། རང་བྱུང་ལ་བརྩི་འཇོག་བྱེད་པ་དང་རང་བྱུང་དང་མཐུན་པར་བྱེད་པ། རང་བྱུང་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་བརྟན་པོ་འཛུགས་པ། འགོ་ཁུངས་དང་བཞུར་རྒྱུད། རྒྱལ་ཁབ་ཀྱི་འཐབ་ཇུས་དང་འགོ་ཁུངས་ཀྱི་འགན་འཁྲི། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བར་རྒྱུས་ལོན་བྱེད་པའི་ཁྲོད་གནས་ཐིག་གཏན་ཁེལ་འཚོལ་བ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དང་དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན། དཔལ་འབྱོར་རྣམ་པ་བཞིའི་སྣེ་ཁྲིད་ལག་བསྟར་བྱེད་པ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་ལ་སྐུལ་འདེད་གཏོང་བ། རྨ་ཆུའི་སྲུང་སྐྱོབ་འབུར་དུ་ཐོན་པར་བྱེད་པ་དང་རྨ་ཆུའི་བཅོས་སྐྱོང་ལ་ཤུགས་སྣོན་པ། རྨ་ཆུའི་ཆུ་རྒྱུན་དལ་འབབ་ལ་ཁག་ཐེག་བྱེད་པའི་ཁྲོད་རིན་ཐང་མངོན་པ་དང་རང་འགུལ་གྱིས་འབད་འཐབ་བྱས་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག ཐད་གཏོགས་ལས་ཁུངས་། མངག་གཏོང་ལས་ཁུངས་དང་བཟོ་ལས་ར་བའི་ཁུལ་གྱི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་སྲིད་གཞུང་གི་ཆེད་བསྐོས་འགན་ཁུར་བློ་མཐུན་དང་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་། འབྲེལ་ཡོད་ཚན་རིག་ཞིབ་འཇུག་གླིང་གི་འགན་ཁུར་བློ་མཐུན་དང་རིག་གནས་པ་བཅས་འཆད་ཁྲིད་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།