མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་འཐུས་མིའི་འགན་སྒྲུབ་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་བསྡུས།
2020.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་འགན་སྒྲུབ་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་དང་འདེམ་བསྐོ་ལས་ཁུངས་སོ་སོའི་འཐུས་མི་བྱ་བའི་སྡེ་ཁག་གི་འགན་ཁུར་མི་སྣ་གསོ་སྦྱོང་ལ་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

ལིའུ་ཐུང་ཏི་ཡིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་འཐུས་མིའི་འགན་སྒྲུབ་གསོ་སྦྱོང་འཛིན་གྲྭ་བསྡུས་པ་ནི་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་དམངས་ཆེན་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་གྲོས་གཞི་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། འགན་སྒྲུབ་སློབ་སྦྱོང་ལ་ཤུགས་སྣོན་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཏེ་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་ནང་ཁོག་གི་རེ་བ་དང་། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པའི་ཁྲོད་འཐུས་མིའི་ཁག་ཁུར་མངོན་པར་བྱེད་པའི་བྲེལ་མྱུར་གྱི་དགོས་མཁོ། དུས་རབས་གསར་བའི་དམངས་ཆེན་བྱ་བ་རྒྱུན་མཐུད་ངང་གསར་གཏོད་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་གལ་ཆེན། འཐུས་མིའི་ལས་འགན་ཡང་དག་དང་ཕན་ཡོད། ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དངོས་ངེས་སྔོན་འགྲོ་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ་དང་། ཡང་དག་གི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་སློབ་སྦྱོང་གཙོ་གནད་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་ཀྱི་གཞུང་ལུགས་དང་རྩ་ཁྲིམས་བཅའ་ཁྲིམས། དམངས་ཆེན་ལས་སྒོ་སོགས་ཕྱོགས་ཀྱི་ཤེས་བྱ་སློབ་སྦྱོང་ལ་ཤུགས་བསྣན་ནས། ཆབ་སྲིད་སྟེང་གི་བློ་རིག་ཅན་དང་མི་དམངས་ཀྱི་མགྲིན་ཚབ་པ། འཕེལ་རྒྱས་ཐད་ཀྱི་སྣེ་ཁྲིད་མི་སྣ་བྱེད་དགོས་ཟེར།

ལིའུ་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། མིག་སྔར། མཚོསྔོན་ཞིང་ཆེན་གྱི་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པའི་དུས་སྐབས་བཟང་བོ་ཡིན་པས། གོ་སྐབས་དམ་འཛིན་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་བརྗེ་རེས་ལ་ཤུགས་སྣོན་པ་དང་བསམ་གཞིགས་གཏིང་ཟབ་གཏོང་བ། སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་དོ་དམ་ལ་ཤུགས་སྣོན་པ། སློབ་སྦྱོང་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་བླངས་ནས། གསོ་སྦྱོང་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་པ་དང་། ཧུར་ཐག་གིས་དམངས་ཆེན་འཐུས་མིས་བློ་འདོན་ཇུས་འབུལ་བྱེད་སྐབས་ལྟ་བ་ཡང་དག་བརྗོད་པ། འགན་སྒྲུབ་དབང་སྤྱོད་བྱེད་སྐབས་ནུས་པ་ངོ་མ་མངོན་པར་བྱས་ནས། འགན་སྒྲུབ་པ་དམངས་ཀྱི་ཆེད་ཡིན་པའི་བསམ་བློ་ཡོད་པ་དང་། ཁག་ཁུར་འབད་འཐབ་ཀྱི་ནུས་པ་ཡོད་དགོས་ཟེར། 

ལོ་ཙཱ་བ། རིན་ཆེན་མཚོ།