མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་དགུ་པ་ཟི་ལིང་ནས་ཚོགས།
2020.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་དགུ་པ་བསྡུས་ནས། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡི་གསུང་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་བདུན་པ། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་ལེའུ་གསུམ་པའི་ནང་དོན་སྐོར་ཞིག་སློབ་སྦྱོང་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་འགོ་མཛིན་བྱས་པར་མ་ཟད་རེ་བ་བཏོན། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ནི་དུས་རབས་གསར་རྗེས་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེ་ཞིག་ཡིན་པས། གྲོས་ཚོགས་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། ནང་དོན་གཙོ་བོ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ། བོད་འབྲེལ་ས་ཁུལ་གྱི་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བའི་སྟེང་གཅིག་གྱུར་བྱེད་དགོས། དམངས་ཆེན་གྱི་འགན་ནུས་ལ་རྐང་འཛུགས་པ་དང་། ཁྲིམས་འཛུགས་ལྟ་སྐུལ་དང་འཐུས་མིའི་བསྐོ་འཐེན་ཐག་གཅོད་སོགས་བྱ་བའི་ཞིབ་འཇུག་ལ་དོ་སྣང་བྱས་ཏེ། བོད་འབྲེལ་ས་ཁུལ་གྱི་གཏན་འཇགས་དང་ཚན་རིག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ཤུགས་ཡོད་ཕན་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་ཚུལ་བསྟན། 

ཚོགས་ཐོག་ནས་བསྟན་དོན། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་ལེའུ་གསུམ་པ་སློབ་སྦྱོང་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་ལངས་གནས་མཐོ་ཞིང་བསམ་བློ་གཏིང་ཟབ་པ་དང་གསལ་བོ་བཤད་ཡོད་ལ། དམངས་ཆེན་ལས་ཁུངས་ཀྱི་དམངས་ཆེན་ལས་བྱེད་པས་སློབ་སྦྱོང་དང་ལག་ལེན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པའི་ཐད་རེ་བ་གསལ་བོ་བཏོན། ཨུ་ཡོན་ཀྲང་གིས་བཏོན་པའི་སྟོབས་ལྡན་བཞིའི་ཏང་ཀྲི་པུའུ་ཡི་རེ་བ་ལྟར། ལས་ཁུངས་ཀྱི་ཆབ་སྲིད་འཛགས་སྐྲུན་དེ་གོ་གནས་དང་པོར་འཇོག་པ་དང་། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ། ཆབ་སྲིད་ཀྱི་ལངས་གནས་དང་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་བཏང་སྟེ། འགུལ་སྐྱོད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས་ཟེར། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་བརྒྱད་པའི་སྐུལ་སློང་གྲོས་ཚོགས་སྟེང་གི་གཏམ་བཤད་སློབ་སྦྱོང་ནན་མོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གནས་ཐིག་གཏན་ཁེལ་གསར་བ་དང་རེ་བ་གསར་བར་རྒྱུས་ལོན་ཡང་དག་བྱེད་པ། ལྟ་སྐུལ་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། ལམ་ལུགས་རྐྱེན་སྲོལ་སྤྱི་སྡོམ་དང་འཐུས་ཚང་དུ་བཏང་ནས། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ཟེར། 

ལོ་ཙཱ་བ། རིན་ཆེན་མཚོ།