མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2020.09.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཟླ་དགུ་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན། རྩོམ་ཡིག་ཤིས་ཚིག་བཅས་ཀྱི་དགོངས་དོན་དང་བློ་མཐུན་ཝང་དབྱང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་ནི་གཟེངས་བསྟོད་ཚོགས་འདུ་དང་སྤྱི་སྡོམ་ཚོགས་འདུ། སྐུལ་སློང་ཚོགས་འདུ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་ཁག་ཁུར་ནང་དོན་ངོ་བོར་ཁྱོན་ཡོངས་ནས་ངོས་འཛིན་གཏིང་ཟབ་བྱེད་པ། ཚེ་སྲོག་གཙོར་འཛིན་པ་དང་རྒྱལ་ཡོངས་སེམས་གཅིག ཤི་ཉེན་ལ་མི་འཛེམ་པ། ཚན་རིག་ལ་བརྩི་འཇོག་བྱེད་པ། ལས་སྐུལ་གཅིག་པའི་རླབས་ཆེན་རིམས་འགོག་སྙིང་སྟོབས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རིམས་འགོག་འཐབ་རྩོད་ཐད་ནས་བསྡུས་པའི་ཉམས་མྱོང་གལ་ཆེན་དང་སྐུལ་སློང་ཟབ་མོ་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་བསྐྲུན་པའི་བླང་བྱ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བཟང་བོ་བསྒྲུབ་པ། སྟོན་དགུན་དུས་ཀྱི་རིམས་འགོག་བྱ་བ་དམ་འཛིན་བྱས་ཏེ། ཧུར་ཐག་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་ཆབ་སྲིད་སློབ་ཁྲིད་ནི་ཀུན་སྤྱོད་བཟང་བོ་འཛུགས་པ་དང་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བྱེད་པའི་གནད་འགག་གི་སློབ་ཁྲིད་ཡིན་པའི་རྩོམ་ཡིག་གལ་ཆེན་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོ་བྱ་བ་སྒྲུབ་མཁན་ཚོར་ཕུལ་བའི་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲིའི་དགོངས་དོན་དེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གསོ་ལས་དོན་གྱི་རྩ་བའི་ཁ་ཕྱོགས་དང་རྩ་བའི་དམིགས་འབེན། རྩ་བའི་ལས་འགན། འགན་འཁྲི་གལ་ཆེན་འགྲེལ་བཤད་གཏིང་ཟབ་བྱས་ཏེ། ང་ཚོས་དུས་རབས་གསར་བའི་སློབ་གསོ་བྱ་བ་བཟང་བོ་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རིན་ཐང་བསྐྲུན་པ་དང་ཤེས་བྱ་སློབ་ཁྲིད། ནུས་པ་སྐྱེད་སྲིང་བཅས་གཞི་གཅིག་ཏུ་འདྲེས་པར་བྱེད་པ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཁྲིད་བཅོས་བསྒྱུར་གསར་གཏོད་བྱས་ཏེ། ཀུན་སྤྱོད་བཟང་བོ་འཛུགས་པ་དང་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁ་བླངས་ནས་ལོ་ངོ་དོན་ལྔ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ། ཚན་རིག་པའི་བཞུགས་མོལ་ཚོགས་འདུ་བཅས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང2020ལོའོ་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་བརྗེ་རེས་ཚོགས་འདུ་འཛམ་གླིང་ཡོངས་ཀྱི་ཞབས་ཞུ་ཉོ་ཚོང་མཐོ་རིམ་ཚོགས་འདུ་སྟེང་གནང་བའི་ཤིས་ཚིག་གིས། ང་ཚོས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་ཐད་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེངས་རེ་རེའི་གསུང་བཤད་གལ་ཆེན་དེ་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས། ནང་སྲིད་ཕྱི་འབྲེལ་དང་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་གི་གནད་དོན་གལ་ཆེན་ལ་འབྲེལ་བ་ཡོད་ལ།  ཚང་མ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་སློབ་དེབ་ཆེས་གསར་བ་ཡིན་པས། ང་ཚོས་སློབ་དེབ་ཆེས་གསར་བའི་ཁྲོད་ནས་བྱ་བའི་བློ་གྲོས་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དུས་རབས་ཀྱི་ལེའུ་གསར་བ་འབྲི་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བློ་མཐུན་ཝང་དབྱང་མཚོ་སྔོན་དུ་གཟིགས་ཞིབ་བྱེད་པར་ཕེབས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་དང་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་པ་མཚོན། བློ་མཐུན་ཝང་དབྱང་གིས་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་དང་ལམ་བུ་གསལ་བོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་དང་མང་ཚོགས་ཀྱི་ཁྲོད་ནས་ཐོན་ཞིང་ཕྱིར་མང་ཚོགས་ཀྱི་ཁྲོད་བསྐྱོད་པའི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་སྤྱད་དེ་གནད་དོན་ངོས་འཛིན་དང་ཞིབ་འཇུག ཐག་གཅོད་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་ལག་བསྟར་བཟང་བོ་བྱེད་པ། ཁ་གྱེས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་དོན་དངོས་ལ་འཆར་འགོད་བྱེད་པ་དང་བྱེད་ཐབས་བཟང་བོ་སྤྱོད་པ། ཕན་འབྲས་བརྩོན་ལེན་བྱས་ཏེ། མཚོ་སྔོན་གྱི་བོད་འབྲེལ་བྱ་བའི་གསར་གཏོད་ལག་ལེན་གྱི་ཚད་ལྡན་རྒྱུགས་ལན་སྤྲོད་དགོས་ཟེར།

ཚོགས་ཐོག་ནས་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བའི་བརྡ་སྦྱོར་དང་འདུམ་གཅོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་འདུམ་གཅོད་སྤྱི་ཐུན་ནུས་ཤུགས་མཐོར་འདེགས་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ། གྲོང་ཁྱེར་དང་ཁུལ་ཏང་ཨུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་འགོ་ཁྲིད་ཚན་ཁག་གི་ཁོངས་མི་འགན་འཁྲི་གསལ་བཤད་བྱེད་ཐབས་ལ་གྲོས་ཞིབ་བྱས་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།