ཀྲུང་གོའི་ཕྱི་འབྲེལ་ཟབ་སྦྱོང་སློབ་གླིང་གི་ས་གནས་སློབ་ཁྲིད་སྐབས་དགུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་དོན་བྱ་བའི་འགོ་ཁྲིད་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་ཟི་ལིང་དུ་སྤེལ་འགོ་བརྩམས།
2020.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཀྲུང་གོའི་ཕྱི་འབྲེལ་ཟབ་སྦྱོང་སློབ་གླིང་གི་ས་གནས་སློབ་ཁྲིད་སྐབས་དགུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་དོན་བྱ་བའི་འགོ་ཁྲིད་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་ཟི་ལིང་དུ་སྤེལ་འགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་འགོ་རྩོམ་མཛད་སྒོར་ཞུགས་ནས་གཏམ་བཤད།

ཀྲང་ལིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་དུ་ས་གནས་ཀྱི་ཟབ་སྦྱོང་སློབ་ཁྲིད་གཉེར་གྱིན་པ་ནི། པུའུ་དང་ཞིང་ཆེན་ཕྱོགས་ཀས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དངོས་སྒྲུབ་བྱ་ཐབས་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དེའི་ཐོག་ནས། ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མཚོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ནང་དོན་ཟབ་མོ་དང་དགོངས་དོན་གྱི་ངོ་བོ་གནད་ལ་འཁེལ་བར་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། འདུ་ཤེས་བཞི་ཇེ་ཟབ་ཏུ་ཏན་ཏིག་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་བཏང་ནས། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བྱེད་དགོས། དེ་མིན་ད་དུང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།