རྒྱལ་ཡོངས་སྲིད་གྲོས་ཀྱིས“རིག་གནས་འཛུགས་སྐྲུན་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་བཏོན་པའི་ནུས་པ”ཞེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས།
2020.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིསཔེ་ཅིན་ནས། “རིག་གནས་འཛུགས་སྐྲུན་གྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་བཏོན་པའི་ནུས་པ”ཞེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་ནན་གྱིས་བསྟན་དོན། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ཀྱི་རིག་གནས་འཛུགས་སྐྲུན་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པར་ངོས་འཛིན་གང་ལེགས་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་དགོས། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས། སྤྱི་ཡོངས་འཆར་འགོད་དང་ཡུལ་བབ་དང་བསྟུན་པ། སྲིད་གཞུང་གིས་ཁྲིད་སྟོན་དང་མང་ཚོགས་ཟབ་ཞུགས་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། གྲོང་གསེབ་རིག་གནས་ཀྱིས་དུས་རབས་གསར་པར་ཡིད་དབང་འཕྲོག་ཤུགས་གསར་པ་དང་ཉམས་འགྱུར་གསར་པ་མངོན་པར་སྐུལ་འདེད་གཏོང་དགོས། ཞིང་པ་མང་ཚོགས་ཀྱི་རིག་གནས་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་ཆེད་བསམ་པའི་སྒུལ་ཤུགས་དང་གསར་གཏོད་ནུས་པ་མཁོ་འདོན་བྱེད་དགོས་ཟེར།

ཐེངས་འདིའི་ཆེད་དོན་གྲོས་མོལ་ཚོགས་འདུ་ནི་ཡུལ་དངོས་ཚོགས་འདུ་དང་བརྙན་འཕྲིན་ཚོགས་འདུ་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་བསྡུས།

ལོ་ཙཱ་བ། བན་དེ་སྐྱབས།