མཚོ་སྔོན་ཞིང་ཆེན་གྱི2020ལོའི་ས་ཞིང་རྒྱུན་ལྡན་ལྟ་ཞིབ་འགོ་རྩོམ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི2020ལོའི་ས་ཞིང་རྒྱུན་ལྡན་ལྟ་ཞིབ་འགོ་རྩོམ་གྲོས་ཚོགས་ཟི་ལིང་ནས་ཚོགས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གཞོགས་འདེགས་བྱས་ནས་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་བཏོན་པ་དང་། རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཞི་ཨན་ཅུའུ་ལྟ་ཞིབ་ཚན་ཆུང་གིས་སྐུལ་སློང་བཀོད་སྒྲིག་བྱས།

རྒྱལ་ཁབ་རང་བྱུང་ཐོན་ཁུངས་སྤྱིའི་ལྟ་ཞིབ་བྱ་བའི་བཀོད་སྒྲག་ལྟར། ཐེངས་འདིའི་རྒྱུན་ལྡན་ལྟ་ཞིབ་དུས་ཚོད་དེ་ཟླ་དགུ་པ་ནས་ཟླ་བཅུ་གཅིག་པའི་བར་ཡིན་ལ། ནང་དོན་གཙོ་བོའི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་དང་། ཞིང་སྡེའི་རྨོ་ཞིང་རང་དགར་སྤྱོད་པ་དང་མཚེའུ་སྐོང་ནས་ས་ཞིང་དུ་བསྒྱུར་བ། ཁང་རྙིང་ཁུལ་སོགས་ལ་ཁ་གཡར་ནས་ས་ཞིང་ལ་གཏོར་བརླག་བྱེད་པའི་སྤྱོད་ཚུལ་དང་བཟོ་སྐྲུན་ལས་གཞི་གལ་ཆེན་ལ་ཆོག་མཆན་མ་བཀོད་པར་འཛུགས་སྐྲུན་བྱེད་པ། ས་ཞིང་རང་དགར་བསྐྱུར་བ་སོགས་ཀྱི་གནད་དོན་འདུ་ལ། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་གནས་ཚུལ་ལག་བསྟར་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨོ་ཞིང་སྲུང་སྐྱོབ་བྱ་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། རྨོ་ཞིང་གི་སྲུང་སྐྱོབ་དམ་སྲུང་བྱེད་དགོས། ལྟ་ཞིབ་བྱ་བའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། དག་ཐེར་ལེགས་བཅོས་བྱ་བའི་རང་རྟོགས་རང་བཞིན་དང་སྒྲིག་ལམ་རང་བཞིན་ཇེ་དྲག་ཏུ་གཏོང་བ། གཞོགས་འདེགས་བཟང་བོ་བྱས་ཏེ། ད་ལོའི་ས་ཞིང་རྒྱུན་ལྡན་ལྟ་ཞིབ་བྱ་བ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། དེ་དང་མཉམ་དུ། རྨོ་ཞིང་སྲུང་སྐྱོབ་ལྟ་ཞིབ་དང་ལོ་མང་པོའི་རྒྱུན་ལྡན་ལྟ་ཞིབ་ཀྱི་རྩིས་ཐོར་བཀོད་པའི་ད་དུང་དག་ཐེར་ལེགས་བཅོས་མ་བྱས་པའི་གནད་དོན་དམ་འཛིན་ལྷོད་མེད་བྱས་ནས། དག་ཐེར་ལེགས་བཅོས་ལས་འགན་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས་ཟེར།

ཚོགས་ཐོག་ནས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་སུ་བྱེད་པ། ད་ལོའི་ས་ཞིང་རྒྱུན་ལྡན་ལྟ་ཞིབ་ཀྱི་ལས་འགན་གཙོ་བོ་དང་བྱེད་ཐབས་ལ་རྒྱུས་ལོན་ཡང་དག་བྱེད་པ། གཟབ་ནན་བྱེད་པའི་རེ་བ་ལག་བསྟར་བྱེད་པ། ས་ཞིང་དོ་དམ་དང་བཀོལ་སྤྱོད་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

                                                                                                                      ལོ་ཙཱ་བ། རིན་ཆེན་མཚོ།