ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་རྗེས་དྲན་ཞུ་བའི་མཐོ་རིམ་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།
2020.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 74

ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་རྗེས་དྲན་མཐོ་རིམ་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་དོན་ལྔ་ཡི་སྔོན་ལ་འཛམ་གླིང་མི་དམངས་ཀྱིས་སོ་སོའི་ཟུངས་ཁྲག་བཏོན་ནས་དམར་འཛིང་བྱས་པ་བརྒྱུད་དེ། གཞི་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་རྣམ་པར་རྒྱལ། དེ་ནི་དྲང་བདེན་གྱི་རྒྱལ་ཁ་དང་མི་དམངས་ཀྱི་རྒྱལ་ཁ་ཡིན། དུས་རབས་གོང་མའི་དུས་འགོའི་མིའི་རིགས་ཀྱིས་སྐྱི་གཡའ་བའི་དམག་འཁྲུག་གི་ཆག་སྒོ་ཐེངས་གཉིས་བརྒྱུད་མྱོང་བའི་རྗེས་དེར་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་བགྲང་བྱ་དོན་ལྔ་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བཏོད་དེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་སྟེང་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འཛུགས་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་པུ་དེའང་ཡིན་ཟེར། ཁོང་གིས་མུ་མཐུད་དུ་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་མཁན་རྣལ་མ་ཞིག་ཨེ་འཁྱོངས་ལ་འབད་རྒྱུ་ཡིན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་བྱེད་པར་ཧུར་ཐག་སྒོས་ཞུགས་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱེད་རྒྱུ་ཡིན། དེ་མིན་ད་དུང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཟེར།

མཇུག་ཏུ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་འཛམ་གླིང་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད། ང་ཚོས་ཕྱོགས་མང་རིང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དམ་བཅའ་ཡང་བསྐྱར་བསྒྲགས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག་མཐུན་སྒྲིལ་ཆེན་པོ་དང་ཡར་ཐོན་སྔར་ལས་ཆེ་བ་ཡོང་བར་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།