མཚོ་སྔོན་ཞིང་ཆེན་གྱིས་ཕུལ་བྱུང་ཁེ་ལས་པའི་སྒྲོག་འགྲེལ་གྲོས་ཚོགས་བསྡུས།
2020.09.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲིན་ཀྲིག་ཡོན་ཧྥང་སྡེ་ཚོགས་ཀྱི་ལས་བཟོ་བར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་གོའི་ཕུགས་འདུན་དང་མཛེས་པའི་ངལ་རྩོལ་པ་སྟེ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་འབད་འཐབ་བྱེད་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་བཅས་ཀྱིས་བསྡུས་པའི་ཕུལ་བྱུང་ཁེ་ལས་པའི་སྒྲོག་འགྲེལ་གྲོས་ཚོགས་ཟི་ལིང་ནས་ཚོགས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་འཐུས་ཚབ་མི་སྣ་སུམ་བརྒྱ་ལྷག་སྒྲོག་འགྲེལ་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞིའོ་དང་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གཉིས་གྲོས་ཚོགས་ལ་ཞུགས།

ཐེངས་འདིའི་སྒྲོག་འགྲེལ་གྲོས་ཚོགས་ཀྱི་དམིགས་འབེན་ནི་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁེ་ལས་པས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། འཆམ་མཐུན་ངལ་རྩོལ་འབྲེལ་བ་བཙུགས་ཏེ། རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ཡོངས་འགྲུབ་བྱེད་པའི་ཐད་ཁེ་ལས་པའི་རིག་སྟོབས་འབུལ་བ་དང་བཟོ་བའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་ཡིན།

སྒྲོག་འགྲེལ་གྲོས་ཚོགས་ཀྱི་ཡུལ་དངོས་སུ། རང་ཞིང་གི་ཁེ་ལས་ཁ་དྲུག་གིས་ལས་རྐང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་སྒྲོག་འགྲེལ་བཟང་བོ་བྱས། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཁེ་ལས་པས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་ལ་དྲིན་གཟོ་བྱེད་པ། ཏང་གི་རྗེས་སུ་འབྲངས་པ་དང་། ཁེ་ལས་ཀྱི་སྣེ་ཁྲིད་དེ་འབད་འཐབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཇེ་བཟང་དུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་།

ལོ་ཙཱ་བ། རིན་ཆེན་མཚོ།