སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མེ་ཏོག་འབུལ་བའི་མཛད་སྒོ་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོ་སྤེལ།
2020.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནི་རྒྱལ་ཁབ་ཀྱིས་བཙུགས་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཡིན་པ་དང་ཉིན་དེའི་སྔ་དྲོ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་དམངས་ཀྱི་དཔའ་བོར་མེ་ཏོག་ཕྲེང་བ་ཕུལ།

མེ་ཏོག་གི་ཕྲེང་བ་འབུལ་བའི་ཡུལ་དངོས་ཀྱི་རྣམ་པ་དེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཁོངས་གཏོགས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་དང་གསར་འགྱུར་འཕྲིན་ལམ། རྒྱལ་སྲུང་དམག་དོན་འཕྲིན་ལམ་སོགས་ནས་དུས་མཉམ་གཅིག་ལ་ཐད་གཏོང་བྱེད་རྒྱུ་རེད།

ལོ་ཙཱ་བ། བན་དེ་སྐྱབས།