ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དཔུང་སྡེའི་སྐོར་ཞིབ་རུ་ཁག་ཅིག་ལ་ཉིན་དེར། ལྷོ་ནུབ་རྒྱུད་ཀྱི་པི་ལུའུ་ཀྲི་ཞིང་ཆེན་དུ་འཇིགས་སྐུལ་པས་འཇབ་རྒོལ་བྱས་ནས་དམག་མི་གཅིག་ཤི་བ་དང་དམག་མི་གསུམ་ལ་རྨས་ཕོག་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་དམག་དཔུང་སྣ་གསུམ་གྱི་གསར་འགྱུར་ཅུའུ་ཡིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་དོན། འཇིགས་སྐུལ་པས་པི་ལུའུ་ཀྲི་ཞིང་ཆེན་གྱི་ཐུའུ་ཨར་པོ་ཏེ་གྲོང་ཁྱེར་ཤར་ལྷོའི་སྤྱི་ལེ་སོ་ལྔ་ཙམ་ཡོད་པའི་སོ་ལྟ་ཁང་ཞིག་གི་ཉེ་འགྲམ་དུ། བདེ་འཇགས་དཔུང་སྡེའི་སྐོར་ཞིབ་རུ་ཁག་ལ་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་བར་འཐབ་འཁྲུག་བྱུང་ཟེར། གསལ་བསྒྲགས་ཀྱིས་ཞིབ་ཕྲའི་གནས་ཚུལ་མང་པོ་བཤད་མེད།
མིག་སྔའི་བར་རྩ་འཛུགས་གང་ཞིག་གིས་ཀྱང་ད་ཐེངས་ཀྱི་འཇབ་རྒོལ་དོན་རྐྱེན་འདི་བཟོས་པ་ཁྱབ་བསྒྲགས་བྱས་མེད།
ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། ཕཱ་ཁི་སི་ཐན་གྱི་རྡོ་སྣུམ་རང་བྱུང་སོལ་རླངས་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་རླངས་འཁོར་རུ་ཁག་ལ་པེ་ལུའུ་ཀྲི་ཞིང་ཆེན་དུ་འཇིགས་སྐུལ་པས་འཇབ་རྒོལ་བྱས་ནས། ཕཱ་ཁི་སི་ཐན་མཐའ་སྲུང་དཔུང་སྡེའི་དམག་མི་བདུན་དང་བདེ་སྲུང་མི་སྣ་བདུན་རྐྱེན་ལམ་དུ་བཏང་།
པི་ལུའུ་ཀྲི་ཞིང་ཆེན་ནི་ཕཱ་ཁི་སི་ཐན་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་པ་དང་། ས་དེ་རུ་ཁ་ཕྲལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་སྟོབས་ཤུགས་ཀྱིས་དུས་རྒྱུན་བྱེད་སྒོ་སྤེལ་གྱིན་ཡོད།
ལོ་ཙཱ་བ། བན་དེ་སྐྱབས།