མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བསྡུ་རུབ་སྐུལ་སློང་གྲོས་ཚོགས་དང་འབྲེལ་འདྲིས་པའི་གསོ་སྦྱོང་གྲོས་ཚོགས་བསྡུས།
2020.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 83

ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བསྡུ་རུབ་སྐུལ་སློང་གྲོས་ཚོགས་དང་འབྲེལ་འདྲིས་པའི་གསོ་སྦྱོང་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཞོན་གྱིས་བསྟན་དོན། རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཁང་འཛུགས་སྐྲུན་བྱེད་པ་ནི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་རིག་གནས་འཕེལ་རྒྱས་སུ་གཏོང་བ། རིག་གནས་ལོ་རྒྱུས་བྱ་བའི་ལོ་རྒྱུས་ཉར་ཚགས་དང་རྒྱལ་སྲིད་བཅོས་སྐྱོང་ལ་རོགས་བྱེད་པ། མཐུན་སྒྲིལ་དང་དམུས་ལོང་གི་ཁྱད་འཕགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད་བྱས་པའི་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། ལག་ལེན་གྲུབ་འབྲས་དྲིལ་སྒྲོག་དང་འགྲེམ་སྟོན་བྱེད་པ་དང་། མི་དམངས་སྲིད་གྲོས་དང་མཚོ་སྔོན་སྲིད་གྲོས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་འགྲེམ་སྟོན་བྱེད་པ། རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ། མཚོ་སྔོན་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བ་སོགས་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། ཁོ་མོས་བསྟན་དོན། རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཁང་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ་དང་གཅིག་གྱུར་འགུལ་སྐྱོད་ལ་མཐུན་སྦྱོར་བྱེད་པ། རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཁང་འཛུགས་སྐྲུན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཡོངས་འགྲུབ་བྱེད་དགོས། རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བསྡུ་རུབ་བྱེད་པ་ནི་འགྲེམ་ཁང་འཛུགས་སྐྲུན་གྱི་རྨང་གཞི་རང་བཞིན་དང་ཡུན་རིང་རང་བཞིན། རྙོག་འཛིང་རང་བཞིན་གྱི་བྱ་བ་ཡིན་པས། རང་འགུལ་གྱིས་བྱ་བ་སྒྲུབ་པ་དང་བྱ་བའི་ཁྲོད་ཞུགས་པ། ཤུགས་ཆེན་པོས་རོགས་སྐྱོར་བྱས་ཏེ། འཛུགས་སྐྲུན་དང་ཐ་ན་བསྡུ་རུབ་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོ་དང་འགན་ཁུར་བློ་མཐུན་གྱིས་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། རྒྱུན་མཐུད་ངང་བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་བ། ཁག་ཁུར་འབད་འཐབ་བྱེད་པ། བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་བྱ་བ་སྣ་ཚོགས་སྤེལ་ནས། དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

སྐུལ་སློང་གྲོས་ཚོགས་ཀྱི་རྗེས་སུ། ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཁང་གི་ཆེད་མཁས་པའི་མཛོད་ཀྱི་ཁོངས་མི་དང་ཀྲིན་ཀྲིག་གྲོང་ཁྱེར་སྲིད་གྲོས་རིག་གནས་དང་རྩོམ་རིག་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གི་ཁྲང་སུང་མུའུ་ཡི་འགྲེམ་སྟོན་ཁང་འཛུགས་སྐྲུན་གྱི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས། ལོ་རྒྱུས་དཔྱད་གཞི་བསྡུ་རུབ་ཀྱི་ཁྱབ་ཁོངས་དང་རིགས་སྣ། བྱེད་ཐབས་སོགས་ཕྱོགས་ནས་ཚོགས་ཞུགས་འབྲེལ་འདྲིས་མི་སྣར་ཆེད་དོན་འཆད་ཁྲིད་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།