མཱ་ཅི་ཞའོ་ཡིས་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་གྱི་་སེམས་དྲོད་བཟོ་སྐྲུན་ལ་རྟོག་ཞིབ་བྱས་པ་དང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྲིད་གཙང་རིག་གནས་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།
2020.10.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི མཱ་ཅི་ཞའོ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་དུ་སོང་ནས། ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་གྱི་སེམས་དྲོད་ཟོ་སྐྲུན་ལ་རྟོག་ཞིབ་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྲིད་གཙང་རིག་གནས་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

མཱ་ཅི་ཞའོ་ཡིས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་ཧྲ་ཀོའུ་ཧོས་རིགས་ཞང་སངས་ཨང་སྡེ་བ་རུ།  སྡེ་བའི“ཀུན་བྱམས་ཁྱིམ་གཞིས”ཀྱི་ལས་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། སྡེ་བ་དེའི་གློག་དྲོད་འདོན་པའི་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས་པར་མ་ཟད། ལས་གཞིའི་མ་དངུལ་བསྡུ་གསོག་དང་དོ་དམ་བེད་སྤྱོད། ཕན་འབྲས་དང་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བསྟན་དོན། ལས་གཞི་འདི་དག་ལག་བསྟར་བྱས་པ་དེས་གྲོང་གསེབ་དར་རྒྱས་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ། ནུས་ཁུངས་གྲོན་ཆུང་། སྤྱོད་ཁང་གསར་བརྗེ་སོགས་ཀྱི་ཐད་ཐོབ་པའི་ཕན་འབྲས་ཁས་ལེན་བྱེད་འོས་པ་ཞིག་རེད། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་རྟོག་ཞིབ་བྱ་བར་སྔར་ལས་ཤུགས་བསྣན་ནས། ཇུས་འགོད་ཞིབ་ཚགས་དང་ཇུས་འགོད་རྩེ་གྲས་ལེགས་སྒྲུབ། མང་ཚོགས་ཀྱི་སྟོབས་ཤུགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གོམ་སྟབས་བརྟན་པོའི་ངང་སྔོན་ལ་རང་སོ་སོའི་འབྲེལ་གཏུག་བྱ་ཡུལ་སྡེ་བར་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་སུ་ཁྱབ་གདལ་གཏོང་དགོས་པར་མ་ཟད། ལས་གཞི་འདི་མང་ཚོགས་ཚོགས་པའི་མཐུན་སྦྱོར་དང་མང་ཚོགས་བློ་ཡིད་ཚིམ་པའི་སེམས་དྲོད་བཟོ་སྐྲུན་ཅིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།