ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
2020.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 111

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན།   ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ལ་འཚམས་འདྲིའི་གློག་འཕྲིན་བཏང་སྟེ་ཁོར་པྲོག་གསར་གློ་ཚན་རིམས་ནད་འགོས་པའི་ཐད་ནས་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན།  སྐུ་ཞབས་ཙུང་ཐུང་ཁྱེད་ལ་པྲོག་གསར་གློ་ཚད་རིམས་ནད་འགོས་ཡོད་པ་ཤེས་པས།  བདག་གིས་ཁྱེད་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་དང་།   ཁྱེད་རང་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་ཟེར།

                                                                                                                        ལོ་ཙཱ་བ་ལྷ་མོ་ཚེ་རིང་།