མིན་ཆིན་ཧའེ་ཡིས་རང་ཞིང་གི་གཞི་རིམ་ཚན་རྩལ་ཁྱབ་བཤེར་བྱ་བར་རྟོག་ཞིབ་བྱས།
2020.10.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་མིན་ཆིན་ཧའེ་མཚོ་སྔོན་དུ་ཡོང་ནས་གཞི་རིམ་ཚན་རྩལ་ཁྱབ་གདལ་བྱ་བར་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་ཡིས་མཉམ་དུ་རྟོག་ཞིབ་བྱས།

མིན་ཆིན་ཧའེ་སོགས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཁྲོན་ཤར་ལམ་གཞིས་ཁུལ་དང་མཚོ་སྔོན་ཆན་ཙི་ཡོན་ཞིང་ལས་ཚན་རྩལ་དངོས་མང་བཤམས་སྟོན་ར་བ། མཚོ་སྔོན་བོད་རིགས་རང་སྐྱོང་ཁུལ་དཔལ་ཡོན་སྔོ་ཚལ་སིལ་ཏོག་འདེབས་གསོ་ཁྱིམ་ཚང་ཞིང་ར། མཚོ་སྔོན་ཞིང་ཆེན་བོད་རིག་གནས་རྟེན་མཛོད་གླིང་སོགས་ལ་སོང་ནས་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། རང་ཞིང་གི་གཞི་རིམ་ཚན་རྩལ་ཁྱབ་གདལ་བྱ་བར་རྒྱས་ལོན་གསལ་བོ་བྱས་པར་མ་ཟད། བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། གཞི་རིམ་ཚན་རྩལ་ཁྱབ་གདལ་སྒྲིག་ཆས་བཀོལ་སྤྱོད་བཟང་བོ་བྱས་ནས། ཁུལ་ཁོངས་མཉམ་སྤྱོད་གྲུབ་པར་བྱེད་དགོས། ཚན་རྩལ་ཁྱབ་གདལ་གྱི་བྲོ་བ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ཚན་རྩལ་ཁྱབ་གདལ་དང་དུས་རབས་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་ཁྱབ་གདལ་རྟེན་གཞི་དང་རྐྱེན་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

གཞི་རིམ་ཚན་རིག་མཐུན་ཚོགས་བྱ་བའི་བརྗེ་རེས་ཞིབ་སྡུར་གྲོས་ཚོགས་སྟེང་། མིན་ཆིན་ཧའེ་ཡིས་ནན་གྱིས་བསྟན་དོན། ཚན་རྩལ་ཁྱབ་གདལ་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ཁ་ཕྱོགས་གསར་བ། འགན་འཁྲི་གསར་བ། རེ་བ་གསར་བ། ནང་དོན་གསར་བ་ཁོང་དུ་ཆུད་པར་བྱེད་པ། དཔལ་ཡོན་ལག་ལེན་ལྟེ་གནས་དང་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ལ་དམ་དུ་དམིགས་པ། ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་པ་དང་གྲོང་ཁྱེར་རིམ་པའི་ལྟེ་གནས། རྫོང་ཁོངས་བཅས་གཙོ་གནད་དུ་བྱས་ཏེ། ལྟེ་གནས་གཉིས་ལ་ཟུང་འབྲེལ་བྱས་ནས་ཚན་རིག་ཁྱབ་གདལ་བྱ་བའི་རྩ་བའི་གཡུལ་ས་དང་ཟུང་འབྲེལ་བྱེད་དགོས་ཟེར། 

ལོ་ཙཱ་བ། རིན་ཆེན་མཚོ།