ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།
2020.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2892

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་

ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

(2020ལོའི་ཟླ10པའི་ཚེས29ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་

ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་འཆམ་བྱུང་།)

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་ཚེས་ཉེར་དྲུག་ཉིན་ནས་ཉེར་དགུ་ཉིན་བར་པེ་ཅིང་ནས་ཚོགས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་ཚེས་ཉེར་དྲུག་ཉིན་ནས་ཉེར་དགུ་ཉིན་བར་པེ་ཅིང་ནས་ཚོགས།

ཚང་འཛོམས་གྲོས་ཚོགས་དེར་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་གོ་བརྒྱད་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་རེ་དྲུག་ཞུགས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་ཆེད་ལས་མཁས་པ་ཁ་ཤས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚང་འཛོམས་གྲོས་ཚོགས་དེར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འགོ་འཛིན་བྱས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།

ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུར་ཉན་ནས་གྲོས་སྡུར་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས་གྲོས་གཞིའི་གྲོས་སྡུར་མ་ཡིག་ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་མཛད།

ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་ལེགས་པོ་བྱས། གཅིག་གྱུར་གྱིས་བལྟས་ན། ལོ་གཅིག་གི་རིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་བཏང་ལ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་པ་དང་། ཕྱོགས་ལྔ་བཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་སྤེལ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱས་ལ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་ཀྱིས་བཅོས་སྒྱུར་སྒོ་འབྱེད་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་བྱས་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་བབ་བརླིང་ནུས་ལྡན་གྱིས་ཁ་གཏད་འཇལ་ཞིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་བྱ་བར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་བརྩིས་པ་དང་། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཀྱི་གཞི་གནས་འདི་གསལ་པོར་ངེས་པར་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་དང་། ཆེ་ཕྱོགས་སྲིད་ཇུས་ཀྱིས་ཁ་གཏད་འཇལ་ཤུགས་ཇེ་ཆེར་བཏང་སྟེ། གཏན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབས་པ་དང་། འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པས། རིམས་ནད་འགོག་སྡོམ་བྱ་བར་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་བླངས་པ་དང་། མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་ཏན་ཏིག་གིས་སྤེལ་ལ། དཔལ་འབྱོར་འཕར་སྣོན་བྱུང་བ་སྔོན་དཔག་ལས་བཟང་བ་དང་། མི་དམངས་ཀྱི་འཚོ་བར་འགན་སྲུང་ནུས་ལྡན་ཐོབ་ལ། སྤྱི་ཚོགས་ཧྲིལ་བོ་གཏན་འཇགས་བྱུང་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་བྱ་བ་ཧུར་ཐག་གིས་སྤེལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོར་གསར་དུ་གྲུབ་འབྲས་ཆེན་པོ་ཐོབ་པར་འདོད།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་ཚེས་ཉེར་དྲུག་ཉིན་ནས་ཉེར་དགུ་ཉིན་བར་པེ་ཅིང་ནས་ཚོགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུར་འགོ་འཛིན་མཛད།

ཚང་འཛོམས་གྲོས་ཚོགས་སྟེང་གཅིག་གྱུར་གྱིས་བལྟས་ན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ལས་འགན། ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཚབས་ཆེན་གྱི་མདུན་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མདུན་སྐྱོད་ལྷོད་མེད་དང་གསར་སྤེལ་གསར་གཏོད་སྒོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོ་ཧུར་ཐག་འབད་ཐག་གིས་བསྒྲུབས་པས། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་འདི་ཉིད་བསྟུད་མར་དྲག་རླུང་དང་རྦ་རླབས་བརྒལ་ནས་བརྟན་བརླིང་ངང་མདུན་སྐྱོད་བྱས་ཡོད། ལག་ལེན་ལས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྟེ་བློ་མཐུན་ཞི་ཅིན་ཕིང་གི་ལམ་སྟོན་དང་དབུ་ཁྲིད་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་གཅིག་གྱུར་དང་ཉམས་མེད་བརྩོན་པ་ཡོད་ན། ང་ཚོ་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་འཕྲད་པའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ངེས་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་ལས་ཤུགས་ཆེན་པོས་གོང་དུ་སྤེལ་ཐུབ་པ་ཤ་སྟག་ཡིན་པ་དེ་ཡང་བསྐྱར་ར་སྤྲོད་བྱུང་ཡོད་པར་འདོད།

ཚང་འཛོམས་གྲོས་ཚོགས་སྟེང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་པར་གདེང་འཇོག་མཐོན་པོ་བྱས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་མོར་སྤེལ་བར་བརྒལ་གཏོར་ཆེན་པོ་བྱུང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འཕེལ་རིམ་གལ་ཆེན་ཐོབ་ལ། ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་བར་ཕན་འབྲས་ཆེན་པོ་ཐོབ་ཅིང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མྱུར་མོར་སྐུལ་སྤེལ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་སྔར་ལས་གསལ་བོར་མངོན་ཡོད། དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་གསར་དུ་སྐས་རིམ་ཆེན་པོར་འཕར་བ་དང་། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། དཔལ་འབྱོར་སྒྲིག་གཞི་བསྟུད་མར་ལེགས་འགྱུར་བྱུང་བས། སྔོན་དཔག་བྱས་ན་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་ཁྲག་ཁྲིག་ཆེན་པོ་བརྒྱ་ལས་བརྒལ་ཐུབ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་བཞིན་ཡོད་དེ། ཞིང་སྡེའི་དབུལ་ཕོངས་མི་སྣ་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་བདུན་ཁྲི་ལྔ་དབུལ་ཕོངས་ལས་ཐར་ཡོད། ལོ་གཅིག་གི་འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་ལྔ་ལ་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་ཡན་དུ་བརྟན་པོར་གནས་ཡོད། སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཇེ་ཆེར་སོང་ནས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཚད་བསྟུད་མར་རྒྱ་བསྐྱེད་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། མཐོ་རིམ་སློབ་གསོ་ཁྱབ་བརྡལ་ཅན་གྱི་དུས་རབས་སུ་སླེབས་ལ། མཁར་གྲོང་གི་གསར་དུ་ལས་ཞུགས་བྱས་པའི་མི་སྣ་བྱེ་བ་དྲུག་ལས་བརྒལ་བ་དང་། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཡོད་ལ། གཞི་རྩའི་སྨན་བཅོས་འགན་སྲུང་གིས་ཁེབས་ཚད་མི་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལས་བརྒལ་ཡོད་པ་དང་། གཞི་རྩའི་རྒན་གསོ་ཉེན་ཚབ་མི་ཐེར་འབུམ་གཅིག་ཙམ་ལ་ཁེབས་ཡོད་ཅིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་བ་དང་། དམག་དཔུང་གི་རྩ་འཛུགས་ཀྱི་གྲུབ་ཚུལ་ལ་བསྒྱུར་བཅོས་ཆེན་པོ་བྱས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པས། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་བྱུང་ཡོད། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་དང་ལས་འགན་མི་འགྱང་བར་ལེགས་འགྲུབ་འབྱུང་ངེས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཐོབ་ལ་ཉེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མདུན་ཕྱོགས་སུ་གོམ་སྟབས་གསར་པ་ཆེན་པོ་ཞིག་སྤོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་སྔར་ལས་རྔམ་བརྗིད་ལྡན་པར་འཛམ་གླིང་གི་ཤར་ཕྱོགས་སུ་ཀྲོང་ངེར་འགྱིང་ཡོད་ཅེས་བསྟན།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་ཚེས་ཉེར་དྲུག་ཉིན་ནས་ཉེར་དགུ་ཉིན་བར་པེ་ཅིང་ནས་ཚོགས།འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

ཚང་འཛོམས་གྲོས་ཚོགས་སྟེང་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཡང་འབད་བསྐྱར་འབད་དང་ངར་ཤུགས་གཅིག་སྒྲིམ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོ་ལས་དུས་ལྟར་རྣམ་པར་རྒྱལ་བར་ཁག་ཐེག་དང་། འབྱོར་འབྲིང་སྤྱི་ཚོགས་དུས་ལྟར་ཕྱོགས་ཡོངས་ནས་བསྐྲུན་པར་ཁག་ཐེག བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བར་ཁག་ཐེག་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ཐད་ཀྱི་གཏིང་ཟབ་རྙོག་འཛིང་གི་འགྱུར་ལྡོག་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་དུ་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལ་འཕྲད་སྲིད་མོད། ཡིན་ནའང་གོ་སྐབས་དང་འགྲན་རྩོད་གཉི་གར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་འབྱུང་ངེས་པར་འདོད། དེང་སྐབས་འཛམ་གླིང་ལོ་བརྒྱའི་རིང་ལ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད་པ་དང་། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་འཕེལ་རྒྱས་ཟབ་མོ་འབྱུང་བཞིན་ཡོད་ལ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལ་ཡང་འགྱུར་ལྡོག་ཟབ་མོ་བྱུང་ཡོད། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་གཞི་ཡིན་པ་དང་། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཚང་མའི་སེམས་གཏིང་དུ་སིམ་ཡོད། དེ་དང་མཉམ་དུ་རྒྱལ་སྤྱིའི་ཁོར་ཡུག་ཉིན་བཞིན་རྙོག་འཛིང་དུ་འགྱུར་བཞིན་པ་དང་། གཏན་འཇགས་མིན་ཞིང་ངེས་གཏན་མེད་པའི་རང་བཞིན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། རང་རྒྱལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་ཞུགས་པས། ལམ་ལུགས་ཀྱི་ཁྱད་སྟོབས་གསལ་བ་དང་། བཅོས་སྐྱོང་གི་ཕན་ནུས་མཐོ་བ། དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བ་དང་། དངོས་པོའི་རྨང་གཞི་བརྟན་ཞིང་། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་ལ། ཁྲོམ་རའི་བར་སྟོང་རྒྱ་ཆེ་བ་དང་། འཕེལ་རྒྱས་ཀྱི་མཉེན་ཆ་ཧ་ཅང་ཆེ་ཞིང་། སྤྱི་ཚོགས་ཧྲིལ་བོ་གཏན་འཇགས་ཡིན་པས། མུ་མཐུད་འཕེལ་རྒྱས་སུ་འགྲོ་བར་ཕྱོགས་མང་བོའི་ཁྱད་སྟོབས་དང་ཆ་རྐྱེན་འཛོམས་ཡོད། དེ་དང་མཉམ་དུ་རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་མི་ཚོགས་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་གོ་རིམ་གྱི་བཅོས་སྒྱུར་ལས་འགན་སྔར་བཞིན་ཧ་ཅང་ལྕི་ལ། གསར་གཏོད་ནུས་ཤུགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་དང་མི་འཚམ་ཞིང་། ཞིང་ལས་ཀྱི་རྨང་གཞི་ད་དུང་སྲ་བརྟན་མིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་ཡོང་སྒོ་བགོ་བཤའི་བར་ཁྱད་ཅུང་ཆེ་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་བ་དང་། དམངས་ཚིས་འགན་སྲུང་ལ་ཞན་ཆ་ཡོད་ཅིང་། སྤྱི་ཚོགས་བཅོས་སྐྱོང་ལ་ད་དུང་མི་འདང་ས་ཡོད་པས། ཏང་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་རྩོད་གསར་པར་ངོས་འཛིན་ཟབ་མོ་བྱས་ཏེ། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་རྐང་བཙུགས་ནས། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། རང་གི་དོན་དག་བཟང་བོར་སྒྲུབ་པ། འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་བོར་ཤེས་པར་བྱེད་པ། འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་བྱེད་པ། ཚད་མཐའི་བསམ་གཞིགས་བཅངས་པ། འགྱུར་ལྡོག་ཡང་དག་པར་ཤེས་པར་བྱེད་པ། ཚན་རིག་ལྟར་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རང་འགུལ་གྱིས་འགྱུར་ལྡོག་འབྱུང་བར་བརྩོན་པ། ཉམས་ཉེན་ཁྲོད་ནས་གོ་སྐབས་འཚོལ་བ་དང་འགྱུར་ལྡོག་ཁྲོད་ནས་གནས་བབ་གསར་འབྱེད་བྱེད་པ། གོ་སྐབས་དམ་འཛིན་བྱེད་པ། འགྲན་རྩོད་ལ་ཁ་གཏད་འཇལ་བ། ཕན་པ་གཉེར་བ་དང་གནོད་པ་ལས་གཡོལ་བ། ཞུམ་པ་མེད་པར་མདུན་སྐྱོད་བཅས་བྱེད་དགོས་ཞེས་བསྟན།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་ཚེས་ཉེར་དྲུག་ཉིན་ནས་ཉེར་དགུ་ཉིན་བར་པེ་ཅིང་ནས་ཚོགས། འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

ཚང་འཛོམས་གྲོས་ཚོགས་སྟེང་ཉིས་སྟོང་སོ་ལྔ་ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་རྒྱང་རིང་དམིགས་འབེན་བཏོན། དེ་ནི་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་དྲག་ཏུ་འཕར་བར་བྱེད་པ་དང་། དཔལ་འབྱོར་སྤྱི་གྲངས་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ཡང་བསྐྱར་སྐས་རིམ་ཆེན་པོར་འཕར་བར་བྱེད་པ། གནད་འགག་སྲོག་ཤིང་གི་ལག་རྩལ་ཐད་བརྒལ་གཏོར་ཆེན་པོ་མངོན་འགྱུར་བྱས་ཏེ། གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་སྔོན་གྲལ་དུ་བསྐྱོད་རྒྱུ། རྣམ་པ་གསར་པའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་ཕལ་ཆེར་མངོན་འགྱུར་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱས་ཏེ། མི་དམངས་འདྲ་མཉམ་གྱིས་ཟབ་ཞུགས་དང་འདྲ་མཉམ་གྱིས་གོང་འཕེལ་འགྲོ་བའི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱས་ནས། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཕལ་ཆེར་བཙུགས་ནས་འགྲུབ་པར་བྱ་རྒྱུ། རིག་གནས་ཀྱི་རྒྱལ་ཁབ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན། ལུས་རྩལ་ཀྱི་རྒྱལ་ཁབ་སྟོབས་ལྡན། བདེ་ཐང་གི་ཀྲུང་གོ་བཅས་བཙུགས་ནས་འགྲུབ་པར་བྱས་ཏེ། རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཚད་མཐོ་ཚད་གསར་པར་བསླེབ་པར་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་མངོན་གསལ་གྱིས་ཇེ་ཆེར་གཏང་རྒྱུ། ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་རྒྱ་ཆེར་གྲུབ་པར་བྱེད་པ་དང་། ཐཱན་ཕྱིར་གཏོང་ཚད་དེ་ཆེས་མཐོ་བའི་ཚད་ནས་བརྟན་འཇགས་ངང་ཇེ་དམའ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱ་རྒྱུ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་གྲུབ་པར་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ལ་ཞུགས་པའི་ཁྱད་སྟོབས་གསར་པ་མངོན་གསལ་གྱིས་ཇེ་ཆེར་གཏང་རྒྱུ། མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་ཚད་དེ་འབྲིང་རིམ་དར་རྒྱས་རྒྱལ་ཁབ་ཀྱི་ཆུ་ཚད་དུ་བསླེབ་པར་བྱེད་པ་དང་། ཡོང་སྒོ་འབྲིང་ཙམ་གྱི་མང་ཚོགས་མངོན་གསལ་གྱིས་རྒྱ་བསྐྱེད་པ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་དུ་བསྒྱུར་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་བར་ཁྱད་དང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱི་བར་ཁྱད་མངོན་གསལ་གྱིས་ཇེ་ཆུང་དུ་གཏང་རྒྱུ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་མཐོ་བར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱ་རྒྱུ། མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་བྱས་ཏེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འབྱུང་བ་དང་མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་ལྡན་པར་དོན་དངོས་རང་བཞིན་གྱི་འཕེལ་རིམ་ལེན་རྒྱུ་བཅས་རེད།

ཚང་འཛོམས་གྲོས་ཚོགས་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་ངེས་པར་དུ་བསྲུང་དགོས་པའི་རྩ་དོན་བཏོན་པ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་མོར་སྤེལ་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཏང་ཕྱོགས་ཡོངས་ནས་ཁྲིམས་ལྟར་ནན་མོར་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱེད་པ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་གསར་པའི་འདུ་ཤེས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་གཞིར་འཛིན་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་མོར་སྤེལ་བ་དེ་གཙོ་ཐིག་བྱེད་པ། བཅོས་སྒྱུར་དང་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བརྩི་བ། མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐོང་བ་དེ་རྩ་བའི་དམིགས་འབེན་དུ་བརྩི་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་གཞི་ཡིན་ཞིང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་ལ་སྐུལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་བསྐྲུན་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་སྐུལ་སྤེལ་བྱེད་པ། དཔལ་འབྱོར་བརྟན་བརླིང་སྒོས་ཡུན་རིང་བོར་འཕར་བར་བྱེད་པ་དང་སྤྱི་ཚོགས་གཏན་འཇགས་འཆམ་མཐུན་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་བཟང་བོ་རྩོམ་དགོས་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་པའི་སྒྲིག་སྲོལ་རྐྱེན་སྲོལ་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྩ་བའི་ཁག་ཐེག་འདོན་སྤྲོད་བྱ་རྒྱུ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་ཟབ་མོ་བྱེད་པ་རྒྱུན་འཁྱོངས། མ་ལག་ཅན་གྱི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱ་དགོས་པ་དེ་རེད།

གྲོས་ཚོགས་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བཏོན། དེ་ནི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ལེན་རྒྱུ་སྟེ།སྤུས་ཚད་དང་ཕན་འབྲས་མངོན་གསལ་གྱིས་མཐོར་འདེགས་བྱེད་པའི་རྨང་གཞིའི་ཐོག་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་བྱེད་པ་དང་། འཕར་སྣོན་གྱི་སྦས་ཤུགས་སྔར་ལས་ལེགས་འདོན་དང་། རྒྱལ་ནང་གི་ཁྲོམ་ར་སྔར་ལས་སྟོབས་ཅན། དཔལ་འབྱོར་སྒྲིག་གཞི་སྔར་ལས་ཇེ་ལེགས། གསར་གཏོད་ཀྱི་ནུས་པ་སྔར་ལས་ཇེ་ཆེ། ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོ། ཞིང་ལས་རྨང་གཞི་སྔར་ལས་སྲ་བརྟན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་མཐུན་སྦྱོར་རང་བཞིན་སྔར་ལས་ཇེ་དྲག་བཅས་སུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཐད་འཕེལ་རིམ་ཆེན་པོ་ལེན་པ། བཅོས་སྒྱུར་སྒོ་འབྱེད་ཐད་གོམ་སྟབས་གསར་པ་སྤོ་རྒྱུ་སྟེ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་ཕལ་ཆེར་བཙུགས་ནས་འགྲུབ་པར་བྱེད་པ། ཁྲོམ་རའི་གཙོ་གཞི་སྔར་ལས་གསོན་ཤུགས་ལྡན་པར་བྱེད་པ། ཐོན་དབང་ལམ་ལུགས་ཀྱི་བཅོས་སྒྱུར་དང་རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་སྒྲིག་བཀོད་བཅོས་སྒྱུར་ལ་འཕེལ་རིམ་ཆེན་པོ་ཐོབ་པར་བྱེད་པ། འདྲ་མཉམ་འགྲན་རྩོད་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་འཛུགས་པ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་ཕལ་ཆེར་གྲུབ་པར་བྱེད་པ། སྤྱི་ཚོགས་དཔལ་ཡོན་གྱི་ཚད་གཞི་གསར་དུ་མཐོར་འདེགས་གཏང་རྒྱུ་སྟེ།སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་མི་ཚང་མའི་སེམས་གཏིང་དུ་སིམ་པར་བྱེད་པ། མི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད་བཅས་མངོན་གསལ་གྱིས་ཇེ་མཐོར་གཏོང་བ། སྤྱི་ཐུན་རིག་གནས་ཞབས་ཞུའི་མ་ལག་དང་རིག་གནས་ཐོན་ལས་མ་ལག་སྔར་ལས་འཐུས་ཚང་དུ་འཛུགས་པ་དང་། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཚོགས་པར་བྱེད་པ། ཀྲུང་ཧྭའི་རིག་གནས་ཀྱི་ཤན་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་སྔར་ལས་ཇེ་ཆེར་གཏོང་བ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གོང་འཕེལ་གསར་པ་ལེན་རྒྱུ་སྟེ། རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། ཐོན་སྐྱེད་འཚོ་བའི་རྣམ་པ་ལྗང་མདོག་ཏུ་བསྒྱུར་བར་ཕན་འབྲས་མངོན་གསལ་ཐོབ་པར་བྱེད་པ། ནུས་ཁུངས་ཐོན་ཁུངས་ཀྱི་སྒྲིག་བཀོད་སྔར་ལས་ལུགས་མཐུན་དུ་གཏོང་བ། བེད་སྤྱོད་ཀྱི་ཕན་འབྲས་ཆེས་ཆེར་མཐོ་རུ་འདེགས་པ། བཙོག་དངོས་གཙོ་བོ་ཕྱིར་འབུད་ཚད་བསྟུད་མར་ཇེ་ཉུང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྔར་ལས་སྲ་བརྟན་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱེད་པ། དམངས་ཚིས་བདེ་སྐྱིད་ཆུ་ཚད་གསར་པར་བསླེབ་པར་བྱ་རྒྱུ་སྟེ། སྔར་ལས་ཕུན་སུམ་ཚོགས་ཤིང་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པ་དང་། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཉིས་ཕལ་ཆེར་དོ་མཉམ་པར་བྱེད་པ། བགོ་བཤའི་སྒྲིག་གཞི་མངོན་གསལ་གྱིས་ལེགས་སྒྱུར་བྱེད་པ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་བ། དམངས་ཡོངས་ཀྱིས་སློབ་གསོ་མྱོང་བའི་ཚད་གཞི་རྒྱུན་མ་ཆད་པར་མཐོ་རུ་འདེགས་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་འཛུགས་པ། འཕྲོད་བསྟེན་བདེ་ཐང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། ཞང་སྡེ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་ཕན་ནུས་གསར་དུ་མཐོར་འདེགས་བྱ་རྒྱུ་སྟེ།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་སྔར་ལས་འཐུས་ཚང་དུ་འཛུགས་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་སྔར་ལས་མངོན་པར་མཚོན་པ། རྒྱལ་ཁབ་ཀྱི་སྲིད་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་ནུས་པ་སྔར་ལས་བཟང་བོར་འདོན་པ། སྲིད་འཛིན་གྱི་ལས་ཆོད་དང་སྤྱི་རྟོན་ནུས་པ་མངོན་གསལ་གྱིས་མཐོ་རུ་འདེགས་པ། སྤྱི་ཚོགས་བཅོས་སྐྱོང་དང་ལྷག་པར་དུ་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་འདེགས་པ། ཉེན་ཁ་ཆེན་པོ་འགོག་སེལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་འཛུགས་པ། ཐོལ་བྱུང་སྤྱི་ཐུན་དོན་རྐྱེན་གྱི་འཕྲལ་བསྟུན་ནུས་པ་མངོན་གསལ་གྱིས་ཇེ་ཆེར་གཏོང་བ། རང་བྱུང་གནོད་འཚེ་འགོག་པའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་འདེགས་པ། འཕེལ་རྒྱས་ཀྱི་བདེ་འཇགས་འགན་སྲུང་སྔར་ལས་སྟོབས་དང་ལྡན་པར་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཐད་ནས་གོམ་སྟབས་ཆེན་པོ་སྤོ་བ་བཅས་རེད།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་ཚེས་ཉེར་དྲུག་ཉིན་ནས་ཉེར་དགུ་ཉིན་བར་པེ་ཅིང་ནས་ཚོགས།

ཚང་འཛོམས་གྲོས་ཚོགས་སྟེང་། གསར་གཏོད་ཀྱིས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་ཟིན་པའི་སྲོག་ཤིང་གི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གྱི་རང་ཚུགས་རང་བརྩོན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་རྒྱབ་རྟེན་དུ་བྱེད་པ་དང་། འཛམ་གླིང་ཚན་རྩལ་གྱི་སྔོན་གྲལ་དུ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་ཆེན་པོར་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་བྱས་ཏེ། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་བའི་འཐབ་ཇུས་བཅས་ལག་བསྟར་ཟབ་མོ་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ནུས་པ་མཐོ་རུ་འདེགས་པ། འཇོན་མིའི་གསར་གཏོད་གསོན་ཤུགས་ཆེ་རུ་བསྐྱེད་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། དེང་རབས་ཐོན་ལས་མ་ལག་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ།དཔལ་འབྱོར་མ་ལག་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏང་དགོས་ཏེ།དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཤུགས་འདོན་ས་དེ་དངོས་ཕུང་དཔལ་འབྱོར་གྱི་སྟེང་དུ་བཞག་སྟེ། གསར་བཟོའི་རྒྱལ་ཁབ་སྟོབས་ཅན་དང་རྒྱུ་སྤུས་ཀྱི་རྒྱལ་ཁབ་སྟོབས་ཅན། དྲ་རྒྱའི་རྒྱལ་ཁབ་སྟོབས་ཅན། གཞི་གྲངས་ཀྲུང་གོ་བཅས་བློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་དུ་སྐུལ་སྤེལ་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ཕན་འབྲས་དང་སྲོག་ཤིང་འགྲན་རྩོད་ནུས་ཤུགས་མཐོ་རུ་འདེགས་དགོས། ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་འདེགས་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་མྱུར་དུ་གོང་འཕེལ་གཏོང་བ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གཅིག་གྱུར་གྱིས་སྐུལ་སྤེལ་བྱེད་པ། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ། ནུས་ཁུངས་གསར་བརྗེ་སྤེལ་བ། གཞི་གྲངས་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། རྒྱལ་ནང་གི་ཁྲོམ་ར་སྟོབས་ཅན་ཆགས་པར་བྱས་ཏེ།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཏེ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་བྱས་ནས། ནང་མཁོའི་མ་ལག་མྱུར་དུ་སྐྱེད་སྲིང་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་མོར་སྤེལ་བ་གཉིས་ཕན་ནུས་ལྡན་པར་ཟུང་སྦྲེལ་བྱས་ཏེ། གསར་གཏོད་སྐུལ་སྤེལ་དང་སྤུས་ཚད་མཐོ་བའི་མཁོ་འདོན་ལ་བརྟེན་ནས་དགོས་མཁོ་གསར་པར་ཁྲིད་སྟོན་དང་དེ་གསར་བཟོ་བྱ་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གེགས་མེད་དུ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་ལ་ཡར་སྐུལ་བྱས་ཏེ། འཛད་སྤྱོད་ལ་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པ་དང་། དངུལ་གཏོང་གི་བར་སྟོང་རྒྱ་བསྐྱེད་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་མོར་སྤེལ་ནས།ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་དགོས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁྲོམ་རས་ཐོན་ཁུངས་སྒྲིག་བཀོད་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་ལེགས་པར་འདོན་པ། སྲིད་གཞུང་གི་ནུས་པ་སྔར་ལས་བཟང་བོར་འདོན་པ་བཅས་བྱས་ཏེ། ནུས་པ་ཅན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གཉིས་ཟུང་སྦྲེལ་སྔར་ལས་བཟང་བོ་བྱེད་པར་སྐུལ་འདེད་གཏང་དགོས། ཁྲོམ་རའི་གཙོ་གཞི་སྣ་ཚོགས་ཀྱི་གསོན་ཤུགས་བསྐྱེད་པ་དང་། ཆེ་ཕྱོགས་དཔལ་འབྱོར་གྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། དེང་རབས་ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་འཛུགས་པ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་པ་བཅས་བྱས་ཏེ། སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་འཕེལ་རྒྱས་སུ་བཏང་སྟེ།ཞིང་སྡེ་ཕྱོགས་ཡོངས་ནས་དར་སྤེལ་བྱ་དགོས་ཏེ།ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཞིང་སྡེ་དར་སྤེལ་གྱི་ལམ་དུ་བསྐྱོད་ནས། ཞང་སྡེ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་བྱེད་པ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ། བཟོ་ལས་དང་ཞིང་ལས་ཀྱིས་ཕན་ཚུན་ལ་སྐུལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱིས་ཕན་ཚུན་ལ་ཁ་གསབ་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཀྱི་རྣམ་པ་གསར་པའི་བཟོ་ལས་དང་ཞིང་ལས་ཀྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཆགས་པར་སྐུལ་འདེད་བཏང་ནས། ཞིང་ལས་དང་ཞིང་སྡེ་མྱུར་དུ་དེང་རབས་ཅན་དུ་བསྒྱུར་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་མཐོ་རུ་འདེགས་པ། ཞང་སྡེ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཞིང་སྡེའི་བཅོས་སྒྱུར་ཟབ་མོར་སྤེལ་ནས། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་དེ་ཞང་སྡེ་དར་སྤེལ་དང་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱ་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། རྒྱལ་ཁོངས་བར་སྟོང་གི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་རྣམ་པ་གསར་པའི་མཁར་གྲོང་ཅན་སྐུལ་སྤེལ་བྱ་དགོས་ཏེ། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས། གཙོ་ནུས་ཁུལ་གྱི་འཐབ་ཇུས་བཅས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཐབ་ཇུས་འཐུས་ཚང་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁོངས་བར་སྟོང་གི་གྲུབ་ཚུལ་དང་རྒྱབ་རྟེན་མ་ལག་འཛུགས་དགོས། རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་རྣམ་པ་གསར་པ་བསྐྲུན་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་སྲོག་ཤིང་ཡིན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་སྐུལ་སྤེལ་བྱ་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་དུ་བཏང་སྟེ།རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་ཇེ་ཆེར་གཏང་དགོས་ཏེ།མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱས་ནས། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྡུད། མི་གསར་སྐྱེད་སྲིང་། རིག་གནས་དར་རྒྱས། སྣང་བརྙན་མངོན་མཚོན་བཅས་ཀྱི་ལས་འགན་དང་འགན་འཁྲི་ལ་དམིགས་ནས། མི་དམངས་ཀྱི་རིག་གནས་དགོས་མཁོ་བསྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་གཉིས་གཅིག་གྱུར་ཡོང་བར་ཡར་སྐུལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བྱ་དགོས། སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་འདེགས་པ་དང་། སྤྱི་ཐུན་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏེགས་ནས། དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་འཐུས་ཚང་དུ་འཛུགས་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བྱ་དགོས་ཏེ།ཆུ་དྭངས་རི་ལྗང་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་དང་། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་བསྟུན་ཤེས། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་རྒྱུན་འཁྱོངས། གྲོན་ཆུང་དམིགས་སུ་འཛིན་པ་དང་སྲུང་སྐྱོབ་དམིགས་སུ་འཛིན་པ། རང་ཤུགས་ཀྱི་སླར་གསོ་གཙོ་བོར་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་སྐྱེ་ཁམས་ཀྱི་བདེ་འཇགས་མཐའ་མཚམས་དམ་སྲུང་བྱ་དགོས། རྒྱུན་སྲིང་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་གཅིག་གྱུར་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་མ་ལག་འཛུགས་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་ཡར་སྐུལ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། ཁོར་ཡུག་གི་སྤུས་ཚད་བསྟུད་མར་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོ་རུ་བཏེགས་ནས། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏང་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱས་ནས།མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གསར་སྤེལ་བྱ་དགོས་ཏེ། གཞི་ཁྱོན་སྔར་ལས་ཆེན་པོ་དང་ཁྱབ་ཁོངས་སྔར་ལས་ཡངས་པོ། རིམ་པ་སྔར་ལས་ཟབ་མོ་ནས་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་ཁྲོམ་ར་ཆེན་པོའི་ཁྱད་སྟོབས་ལ་བརྟེན་ནས། རྒྱལ་སྤྱིའི་མཉམ་ལས་ལ་ཡར་སྐུལ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་དགོས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་བཙུགས་ཏེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། ཉོ་འཚོང་དང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཉོ་འཚོང་གསར་གཏོད་འཕེལ་རྒྱས་སྐུལ་སྤེལ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་ཁྲོད་ཧུར་ཐག་གིས་ཞུགས་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། མི་དམངས་ཀྱི་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ།སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས་ཏེ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བཟང་བོ་དང་སྲུང་སྐྱོང་བཟང་བོ། གོང་སྤེལ་བཟང་བོ་བཅས་བྱེད་པ་དེ་འཕེལ་རྒྱས་ཀྱི་འགོ་རྩོམ་ས་དང་དམིགས་ས་རུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རང་གི་ནུས་ཚོད་ཀྱིས་སྟོབས་ཤུགས་ཅི་ཡོད་བཏོན་ནས། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་མ་ལག་འཐུས་ཚང་དུ་འཛུགས་པ་དང་། མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཐུན་མོང་གི་འབྱོར་ཕྱུག་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱ་དགོས། མི་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། ལས་ཞུགས་དམིགས་བསལ་སྲིད་ཇུས་ནུས་ལྡན་དུ་གཏོང་བ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པ། བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ། མི་གྲངས་ལོ་ལོན་ཅན་ལ་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ནས།ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་དགོས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་གསར་བཟོ་བྱེད་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། བདེ་འཇགས་འཕེལ་རྒྱས་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་སྦྲེལ་བ་དང་། རང་རྒྱལ་གྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་གནོད་པ་བྱེད་པའི་ཉེན་ཁ་སྣ་ཚོགས་འགོག་སེལ་བྱས་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་དང་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱས་ཏེ། སྤྱི་ཚོགས་ཀྱི་གཏན་འཇགས་དང་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། རྒྱལ་སྲུང་དང་དམག་དཔུང་མྱུར་མོར་དེང་རབས་ཅན་དུ་བསྒྱུར་ནས།རྒྱལ་ཁབ་སྟོབས་འབྱོར་ཅན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བ་གཉིས་གཅིག་གྱུར་བྱ་དགོས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན། རིག་ནུས་ཅན་བཅས་མྱུར་དུ་མཉམ་འདྲེས་ཀྱིས་འཕེལ་རྒྱས་སུ་གཏོང་བ་དང་། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ནུས་པ་ཇེ་ཆེར་བཏང་སྟེ། ཉིས་སྟོང་ཉེར་བདུན་ལོར་དམག་དཔུང་བཙུགས་ནས་ལོ་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བར་ཁག་ཐེག་བྱ་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏེགས་ནས། རྒྱལ་སྲུང་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་གཉིས་དུས་མཉམ་དུ་ཇེ་ཆེར་གཏོང་བ་དང་། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་ཤུགས་བཙུགས་ཏེ། ས་ཁོངས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། ཁྱབ་ཁོངས་གསར་པ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏང་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་སྟེང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་མངོན་འགྱུར་བྱ་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། མཐུན་རྐྱེན་ཡོད་ཚད་སྐུལ་སློང་གང་ལེགས་བྱེད་པ་དང་། མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་རྒྱ་ཆེར་བྱས་ཏེ། འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གྲུབ་པར་སྐུལ་འདེད་གཏང་དགོས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྲུན་སྐུལ་སྤེལ་བྱས་ཏེ། འཆར་གཞི་གཏན་འབེབས་དང་དོན་འཁྱོལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས། ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་དར་རྒྱས་གཏན་འཇགས་སྲུང་འཛིན་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་དང་མེས་རྒྱལ་གྱི་གཅིག་གྱུར་སྐུལ་སྤེལ་བྱ་དགོས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་ནས། ཕྱིའི་ཁོར་ཡུག་བཟང་བོ་ཧུར་ཐག་གིས་བསྐྲུན་ཏེ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སེམས་ཤུགས་གཅིག་མཐུན་དང་འབད་འཐབ་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་དགོས་པའི་འབོད་སྐུལ་བཏང་།

ལོ་ཙཱ་བ། ཕྱུག་ལོ།