ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས།
2020.10.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 55

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་གསུང་བཤད་གནང་། 

གྲོས་ཚོགས་ནས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚབ་མཛད་དེ་ཕུལ་བའི་བྱ་བའི་སྙན་ཞུ་ལས་མི་རྣམས་ཀྱི་བརྩོན་སེམས་ཆེས་ཆེར་བསྐྱེད་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཤིང་། སེམས་གནད་ལ་ཕབ་སྟེ་འགྲན་རྩོད་དང་ཉེན་ཁ་སྣ་ཚོགས་ཐག་གཅོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལས་བདེན་ལུགས་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྣེ་ཁྲིད་དེ་དཀའ་ཁག་ཁྱད་དུ་བསལ་ནས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། 

སློབ་སྦྱོང་དང་བརྗེ་རེས་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་དང་ངོས་ཟིན་དེ་ཏང་ཀྲུང་དབྱང་གི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཀྱི་དབྱེ་ཞིབ་བརྡར་གཅོད་ཐད་གཅིག་གྱུར་བྱེད་པ་དང་། འཕེལ་རྒྱས་དང་འབྲེལ་བའི་མཛུབ་སྟོན་བསམ་བློ་དང་ངེས་པར་དུ་བརྩི་སྲུང་བྱེད་པའི་རྩ་དོན། དམིགས་འབེན་གཙོ་བོ། ཇུས་ཆོད་བཀོད་སྒྲིག་གལ་ཆེན་བཅས་ཀྱི་ཐད་གཅིག་གྱུར་བྱེད་དགོས། ཚང་མས་བལྟས་ན། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་དང་རེ་བ་གསར་བར་ངོས་འཛིན་གང་ལེགས་བྱས་ཤིང་། གོ་སྐབས་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་པར་བསྟན། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་སློབ་སྦྱོང་ལག་ལེན་ལ་རྩ་འཛུགས་གང་ལེགས་བྱེད་དགོས། གཉིས་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་བར་གྲོས་ཞིབ་ཆོག་མཆན་འགོད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། གསུམ་ནས་གྲོས་གཞིའི་ནང་འབྲེལ་བའི་དམངས་ཆེན་བྱ་བའི་ལས་འགན་བྱེད་ཐབས་རེ་རེ་བཞིན་ནན་ཏན་གྱིས་དངོས་འབེབ་བྱེད་དགོས། བཞི་ནས་དམངས་ཆེན་འཐུས་མིས་མང་ཚོགས་ལ་སྔར་ལས་འབྲེལ་འདྲིས་དམ་ཟབ་བྱེད་པའི་མཛུབ་སྟོན་རེ་བ་དངོས་འབེབ་བྱས་ཏེ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་དག་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་བྱ་བ་བཟང་བོར་བསྒྲུབ་པའི་ཁྲོད་གཅིག་བསྡུས་བྱེད་དགོས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།