ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2020.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བའི་སྐོར་གྱི་སྙན་ཞུ་དང་། ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་གཏན་འབེབས་དང2035ལོའི་རྒྱང་རིང་དམིགས་འབེན་སྐོར་གྱི་གྲོས་གཞིའི་གསལ་བཤད། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་གཏན་འབེབས་དང2035ལོའི་རྒྱང་རིང་དམིགས་འབེན་སྐོར་གྱི་གྲོས་གཞིའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ལ་ཉེ་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དུ་བསྡུས་པའི་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཡིན། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། ཆོད་གཏམ་གསར་བ། བྱེད་ཐབས་གསར་བ་སྐོར་ཞིག་བཏོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུ་བཟང་བོ་དང་གསལ་བཤད་བཟང་བོ། གཏམ་བཤད་བཟང་བོ་སྤེལ་བ་དང་། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་གཞི་བཟང་བོར་གྲོས་འཆམ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་བྱ་བའི་སྙན་ཞུ་ཡིས་ང་ཚོས་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ཐད་མཛུབ་ཁྲིད་གལ་ཆེན་འདོན་སྤྲོད་བྱས་པ་དང་། ང་ཚོས་དགོངས་པ་གསར་བ་དང་འདུ་ཤེས་གསར་བ། འཐབ་ཇུས་གསར་བ་སློབ་སྦྱོང་། ལངས་ཕྱོགས་དང་ལྟ་ཚུལ། བྱེད་ཐབས་སློབ་སྦྱོང་བྱེད་པའི་ཐད་ནས་ཁྱབ་ཁོབས་ཆེན་པོ་བསྐྲུན་ལ། ང་ཚོ་ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་པ་དང་དུས་རབས་གསར་བར་བསྐྱོད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ང་ཚོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཐད་ནས་མིག་དཔེ་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་གསལ་བཤད་ཐད་ཏང་ཀྲུང་དབྱང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་གཏན་འབེབས་བྱེད་པའི་ངོས་ཟིན་དང་བྱེད་ཐབས་གཅིག་ཏུ་བསྡུས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐོང་རྒྱ་ཆེན་པོ་དང་འཆར་འགོད། ཁ་ཕྱོགས་མངོན་པར་བྱས་ཡོད་ལ། རང་རྒྱལ་གྱི་ཏང་ནང་ཁུལ་གྱི་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ལག་ལེན་དང་། འཐབ་ཇུས་བསམ་བློ་དང་ཚད་མཐའི་བསམ་བློ། རྩོད་སྒྲུབ་བསམ་བློའི་ཕན་འབྲས་མངོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གནས་བབ་ལ་བལྟ་བ་དང་སྤྱི་ཡོངས་ལ་འཆར་འགོད། དོན་ཆེན་དམ་འཛིན་བྱས་ཡོད་ལ། དུས་རབས་གསར་བ་དང་དུས་རིམ་གསར་བ། རྣམ་པ་གསར་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་གསལ་བཤད་ཟབ་མོ་བྱས་པ་དང་། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། གཞུང་ལུགས་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ལ། ང་ཚོས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བཟང་བོ་བྱེད་པ་དང་ཐ་ན་དུས་ཡུན་སྔར་ལས་རིང་བོའི་བྱ་བ་སྣ་ཚོགས་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱང་བའི་གྲོས་གཞི་ཡིས་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་བརྟེན་ནས་སྤྱི་ཁོག་གི་འཆར་འགོད་ལ་སྣེ་ཁྲིད་བྱས་པ་དང་། གནས་བབ་ཡོངས་ལ་རྒྱུས་ལོན་བྱེད་པར་བརྟེན་ནས་སྤྱི་ཡོངས་ལ་སྣེ་ཁྲིད་བྱེད་པ། དམིགས་འབེན་མདུན་ལྗོངས་ལ་བརྟེན་ནས་འཐབ་ལམ་བཟང་བོར་སྣེ་ཁྲིད་བྱེད་པ། མིག་སྔར་ལྟ་རྟོག་དང་ཡུན་རིང་བོར་རྐང་བཙུགས་ལ། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་རང་རྒྱལ་གྱི་དུས་ཡུན་རིང་བོའི་འཕེལ་རྒྱས་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་འགོ་ཁྲིད་དེ་བརྒྱ་ལོ་གཉིས་པའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བསྒྲགས་གཏམ་ཡིག་ཆ་ཡིན་ལ། དུས་རབས་གསར་བ་དང་དུས་རིམ་གསར་བ། རྣམ་པ་གསར་བར་གཅིག་གྱུར་འཆར་འགོད་བྱེད་པའི་ཚན་རིག་མ་ལག་དང་རྩ་གནད་ཡིག་ཆ། འགུལ་སྐྱོད་ཕྱོགས་སྟོན་ཡིན་པ་དང་། ཏང་ཡོངས་ཀྱི་བསམ་བློར་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ཧུར་ཐག་གིས་མདུན་སྐྱོད་བྱེད་པའི་སློབ་གཞི་ཆེས་གསར་བ་ཡིན་ལ། ཏང་ཡོངས་ཀྱི་རིག་སྟོབས་ཀྱི་སྙིང་པོ་ཡང་ཡིན་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། མ་རྩོམ་ནན་ཏན་སྒོས་ཀློག་པ་དང་། རྩ་བའི་རིགས་པར་རྒྱུས་ལོན་གསལ་བོ་བྱེད་པ། དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པའི་སྟེང་ཤུགས་བཏོན་ནས། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་དོན་མཐིལ་རྟོགས་བྱེད་པ། སྣེ་ཁྲིད་དེ་སྒྲོག་འགྲེལ་བྱས་ཏེ། དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ཏང་ཡོན་ཡོངས་ཀྱིས་དགོངས་དོན་ཀློག་འདོན་ནན་མོ་བྱེད་པ་དང་རྒྱུས་ལོན་བཟང་བོ་བྱས་ནས། སྲོག་ཤིང་གོ་དོན་ལ་རྒྱུས་ལོན་གསལ་བོ་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།