ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་དོ་སྣང་བྱེད་ཀྱིན་ཡོད།
2020.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས། ཚང་མས་གཅིག་གྱུར་སྒོས་བལྟས་ན། ཚང་འཛོམས་གྲོས་ཚོགས་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་སྐོར་གྱི་གྲོས་གཞི་བཏོན་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་སྟེང་དུ་ལོ་བརྒྱ་ལ་བྱུང་མ་མྱོང་བའི་སྒྱུར་བཅོས་ཆེན་པོར་གཅིག་གྱུར་སྒོས་འཆར་འགོད་བྱས་ཤིང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་དང་འགྱུར་ལྡོག་གཙོ་བོས་བཟོས་བའི་ཁྱད་ཆོས་གསར་བ་དང་རེ་བ་གསར་བར་ངོས་འཛིན་ཟབ་མོ་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ཏེ་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་པས། ང་ཚོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པར་སྣེ་ཁྲིད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱལ་ཁ་གསར་བ་ལེན་པ་ཡིན།

ལོ་ཙཱ་བ། བཀྲ་ཤིས་འབུམ།