ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་བར་བཀོད་སྒྲིག་དང་སློབ་སྦྱོང་། དྲིལ་སྒྲོག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོནཔ། ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ། ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ལས་བྱེད་པ་སྐོར་ཞིག་གིས་གཏམ་བཤད།
ཚོགས་ཐོག་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་ཀྲུང་གོ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གཏན་ཁེལ་བྱས་པ་དང་འཆར་འགོད་བཟང་བོ་བྱས་ལ། མངོན་སུམ་གྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ནང་དོན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གྱི་ངོ་བོ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས་ཟེར།
ཚོགས་ཐོག་ནས། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ད་ལྟ་སྤེལ་བཞིན་པའི་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་དང་ཟུང་འབྲེལ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཟུང་འབྲེལ་བྱས་ནས། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་པ་དང་གོམ་སྟབས་བཟང་བོ་བསྒྱུར་བ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་མདུན་སྐྱོད་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུ་དགོས། ཚང་འཛོམས་གྲོས་ཚོགས་ཀྱིས་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང་། ལོ་མཇུག་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོའི་བྱ་བ་གཙོ་བོར་འཆར་འགོད་བྱེད་པ། གྲོས་ཚོགས་ཀྱི་དགོངས་དོན་དེ་འགན་སྒྲུབ་དང་འགན་འཁྲི་གཙང་ལེན་བྱེད་པའི་འགུལ་སྐྱོད་དངོས་སུ་བསྒྱུར་ནས། འགོ་ཚུགས་ས་གསར་བའི་སྟེང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བློ་རིག་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། རིན་ཆེན་མཚོ།