ཞི་ཅིན་ཕིང་བརྙན་རིས་བརྒྱུད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བདུན་པར་ཞུགས་པར་མ་ཟད་གསུང་བཤད་གནང་།
2020.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 141

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་པེ་ཅིན་ནས་བརྙན་རིས་བརྒྱུད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བདུན་པར་ཞུགས་པར་མ་ཟད། ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་པེ་ཅིན་ནས་བརྙན་རིས་བརྒྱུད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བདུན་པར་ཞུགས་པར་མ་ཟད། ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་སྒྱུར་བཅོས་ཟབ་མོ་བརྒྱུད་བཞིན་ཡོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཕེལ་ཕྱོགས་དེ་ཇེ་མགྱོགས་སུ་བཏང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ནི་མ་འོངས་པའི་མཉམ་ལས་བགྲོད་ལམ་དུ་ཇི་ལྟར་བསྐྱོད་རྒྱུ་དེ་ས་གནས་ཀྱི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པར་འབྲེལ་བ་ཡོད་ལ། འཛམ་གླིང་གི་མ་འོངས་པར་འབྲེལ་བ་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉིས་སྟོང་ཉི་ལོའི་རྗེས་ཀྱི་མཉམ་ལས་མདུན་ལྗོངས་འགོ་ཚུགས་ས་བྱེད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་དུས་སྐབས་ནས་འགོ་ཚུགས་ཏེ། སྒོ་འབྱེད་བཟོད་སྒོམ་དང་གསར་སྐྲུན་འཕར་སྣོན། མཉམ་སྦྲེལ་མཉམ་མཐུད། མཉམ་ལས་མཉམ་རྒྱལ་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས། གཅིག སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་བྱེད་དགོས། གཉིས། གསར་སྐྲུན་འཕར་སྣོན་རྒྱུན་འཁྱོངས་བྱེད་དགོས། གསུམ། མཉམ་སྦྲེལ་མཉམ་མཐུད་རྒྱུན་འཁྱོངས་བྱེད་དགོས། བཞི། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕྱོགས་སོ་སོ་དང་མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཀྱི་མཛེས་པའི་མ་འོངས་བ་མཉམ་སྐྲུན་མཉམ་སྤྱོད་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་དམིགས་འབེན་ཐད་ལ་མུ་མཐུད་ནས་མདུན་དུ་སྐྱོད་འདོད་ཡོད་ཟེར།

མ་ལེ་ཞི་ཡའི་ཙུང་ལི་མུའུ་ཞི་ཏེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཤིང་། ཚོགས་འདུར་ཞུགས་པའི་དཔལ་འབྱོར་དངོས་ཕུང་སོ་སོའི་འགོ་ཁྲིད་པས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བ་དང་ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་མདུན་ལྗོངས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། འགོ་ཁྲིད་པ་རྣམས་ཀྱིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་རྩོད་སྣ་ཚོགས་ལ་དམིགས་ཏེ། ཕྱོགས་སོ་སོས་མཐུན་སྒྲིལ་ལ་ཤུགས་སྣོན་ཞིང་འགོག་སྨན་མཉམ་ལས་རྒྱ་བསྐྱེད་པ་དང་། མི་སྣ་འཁོར་རྒྱུག་དང་དངོས་ཟོག་འཁོར་སྐྱོད་བྱེད་པར་སྟབས་བདེ་བཟོ་ཞིང་སྔ་མོ་ནས་ཉམས་ཉེན་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་བསྐྱར་དར་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་དགོས། འདྲ་མཉམ་གྲོགས་པོ་དང་ཐུན་མོང་གི་འགན་འཁྲི། ཕན་ཚུན་ལ་བརྩི་འཇོག གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། ཉོ་ཚོང་དངུལ་གཏོང་དང་ཚན་རྩལ་གསར་སྐྲུན། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་སྦྲེལ་མཉམ་མཐུད་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཏེན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གྲོས་ཚོགས་ལ་ཞུགས།

ལོ་ཙཱ་བ། བཀྲ་ཤིས་འབུམ།