ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡི་ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོར་ཞུགས།
2020.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཏང་ཡོན་དཀྱུས་མ་ཞིག་གི་མིང་ཐོག་ནས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡི་ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོར་ཞུགས་ཏེ། ཚང་མ་དང་མཉམ་དུ་སློབ་སྦྱོང་བརྗེ་རེས་བྱས་ནས་སྐུལ་ལྕག་བྱས་དོན།  ཚང་མས་མདུན་ལམ་ཆེན་པོ་ལྡན་པའི་རླབས་ཆེན་གྱི་དུས་རབས་འདིར་གཅེས་སྤྲས་གང་ལེགས་བྱེད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལག་ལེན་རླབས་པོ་ཆེའི་ནང་ཧུར་ཐག་སྒོས་ཞུགས་པ་དང་། བསམ་བློ་ཞུན་བརྡར་དང་ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་སྣོན་རྒྱག་དགོས་པར་མ་ཟད། གནད་དོན་དངོས་ཐག་གཅོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཟེར།

ཞིན་ཁྲང་ཞིང་གིས་ཚང་མ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་པ་གཞོན་དར་གསོ་སྦྱོང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་བྱས་ཏེ་སློབ་སྦྱོང་བྱས་པར་མ་ཟད། སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས། ཀྲི་པུའུ་ཏང་ཡོན་གྱིས་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། “ནུས་པ་རིགས་བདུན”དང“རྒྱུན་འཁྱོངས་ལྔ”བརྟན་པོ་འཛུགས་པར་དམིགས་ཏེ། “ཞབས་ཞུ་གསུམ”གྱི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བར་མ་ཟད། མྱོང་ཚོར་གླེང་བ་དང་མི་འདང་ས་གླེང་བར་བརྟེན། ཏང་ཀྲི་པུའུ་ཡི་ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོའི་རྣམ་པ་གཟབ་ནན་དང་འཁྲུག་ཆ་དོད་ཅིང་གསོན་ཉམས་ལྡན་པར་གྱུར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། གོ་གནས་མཐོ་དམན་གང་ཡིན་རུང་། ཏང་ཡོན་ཚང་མ་འདྲ་མཉམ་གྱི་བློ་མཐུན་འབྲེལ་བ་ཡིན་པས། ཏང་ཡོན་ཚང་མ་ཏང་རྩ་འཛུགས་ཀྱི་འཚོ་བའི་ནང་ཧུར་ཐག་ཞུགས་ནས། ཏང་རྩ་འཛུགས་ཀྱི་འཚོ་བའི་ནང་ཞུགས་རྒྱུ་ནི་རྒྱུན་ལྡན་ཅན་དང་རྒྱུན་ལྡན་རང་བཞིན་དུ་འགྱུར་བར་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། བསམ་བློ་སྦྱོང་བརྡར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་གོ་དོན་མཐིལ་རྟོགས་བྱེད་པ། བསམ་གཞིགས་ཇུས་འགོད་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལག་ལེན་ནང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་ལས་ཀའི་ལག་ལེན་ཁྲོད་སྦྱོང་བརྡར་བྱས་ཏེ། སློབ་སྦྱོང་བྱེད་མཁས་པ་དང་ལག་ལེན་བྱེད་ཕོད་པ། ཕྱོགས་བསྡོམས་ཧུར་ཐག་བྱེད་ཐུབ་པ་བཅས་བྱེད་དགོས། ཆེད་ལས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། “བཟོ་བའི་སྙིང་སྟོབས”ལྟེ་བར་འཛིན་པའི་ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། གནས་གཅེས་ལས་བརྩོན་དང་གཟབ་ནན་དོན་གཉེར། ཚན་རིག་དང་མཐུན་ཞིང་ལས་ཆོད་ཆེ་བ། ཡག་ཐོག་ཡག་འཚོལ། མཉམ་ལས་མཉམ་སྐྱོད་བཅས་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།