ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ལིས་ཡ་ཏི་མཐོ་རིམ་གླེང་སྟེགས་ཀྱི་སའི་གོ་སར་སྲུང་སྐྱོབ་བྱེད་ཅེས་པའི་བརྗོད་དོན་ཡན་ལག་ཚོགས་འདུའི་སྟེང་ཤིས་ཚིག་ཕུལ།
2020.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 82

ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ལིས་ཡ་ཏི་མཐོ་རིམ་གླེང་སྟེགས་ཀྱི་སའི་གོ་ལར་སྲུང་སྐྱོང་བྱེད་ཅེས་པའི་བརྗོད་དོན་ཡན་ལག་ཚོགས་འདུའི་སྟེང་ནས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། སའི་གོ་ལ་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་ཡིན་པས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས། གནམ་གཤིས་ཁོར་ཡུག་ཁྱབ་ཁོངས་ཀྱི་འགྲན་སློང་ལ་ལག་གདང་སྦྲེལ་ཏེ་ཁ་གཏད་འཇལ་ནས། སའི་གོ་ལར་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གཤམ་གྱི་བཞེད་དགོངས་གསུམ་བཏོན་པ་སྟེ། གཅིག་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་ནུས་ཁུངས་གཙང་མའི་ཚུལ་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། གསུམ་ནས་རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པའི་སྐྱེ་ཁམས་མ་ལག་འཛུགས་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།