ཡུས་ཚུང་ལི་ཡིས་མཚོ་ཤར་གྲོང་ཁྱེར་དང་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2020.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་མཚོ་ཤར་གྲོང་ཁྱེར་དང་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་དུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས། མཚོ་ཤར་གྲོང་ཁྱེར་དང་མཚོ་ཤར་བཟོ་ལས་གླིང་ཁུལ་གྱི་དོ་དམ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་བཟོ་བའི་བསམ་འཆར་དང་གྲོས་འགོར་ཉན་པར་མ་ཟད། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་དང་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩ་ཞབས་ཞུའི་ལྟེ་གནས་ཀྱི་ལས་སྟེགས་འཛུགས་སྐྲུན་ཐད་ནས་བཞུགས་མོལ་རྟོག་ཞིབ་བྱས།

ཡུས་ཚུང་ལི་ཡིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པས། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་དགོས་ལ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། འཐབ་ཇུས་ཀྱི་བསམ་གཞིགས་ལ་བརྟེན་ནས་ས་ཁུལ་དེ་དང་ལས་རིགས་དེའི་ལོ་ལྔའི་འཆར་འགོད་བཅུ་བཞི་པར་འཕེལ་རྒྱས་ཀྱི་ཇུས་གཞི་བཟང་པོ་འགོད་དགོས་ཟེར།

ཡུས་ཚུང་ལི་ཡིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གི་ཁྱོན་ཡོངས་ཀྱི་མིག་རྒྱང་ལ་བརྟེན་ནས། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགྲེང་སྟེ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་གང་ལེགས་བྱས་ཏེ། མཚོ་ཤར་གྱིས་ཞིང་ཆེན་ཡོངས་སུ་ཟིན་པའི་འཕེལ་རྒྱས་གནས་བབ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་དགོས། འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་ལས་ཇེ་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་འཛུགས་པ། དཔལ་འབྱོར་གྱི་རྣམ་པར་ཞིབ་འཇུག་ནན་མོ་བྱེད་པ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་གསོ་སྐྱོང་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བ་བཅས་ལ་འབད་དགོས།  མིག་སྔའི་དངུལ་རྩའི་གནས་བབ་དང་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ།  དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཞབས་ཞུའི་ལས་སྟེགས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཡིད་རྟོན་མ་ལག་འཛུགས་སྐྲུན་དང་གཞི་གྲངས་ཆ་འཕྲིན་སྤྱི་སྤྱོད་མཉམ་སྤྱོད་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ་དང་དངུལ་རྩའི་ཉེན་ཁ་མུ་མཐུད་འགོག་ཟོན་དང་སེལ་ཐབས་བྱས་ཏེ། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་དང་བདེ་འཇགས་ངང་འཕེལ་རྒྱས་ཡོང་བར་འགན་ལེན་གང་ལེགས་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།