ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ས་ཁུལ་སོ་སོར་སོང་སྟེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།
2020.11.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 70

བསྟུད་མར་ཉིན་འགའི་རིང་ལ།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཧྥུའུ་ཅན་དང་ཅི་ལིན་སོགས་ས་ཁུལ་དུ་སོང་ནས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད།   ལས་བྱེད་མང་ཚོགས་དང་མཐོ་རིམ་སློབ་གྲྭའི་དགེ་སློབ། ཁེ་ལས་ལས་བཟོ་བ་སོགས་དང་བསམ་བློ་བརྗེ་རེས་བྱས།

ཉེ་ལམ།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།   ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ།    དྲུང་ཡིག་ཆེན་མོ་ལིན་ཧྲང་ལིས་ཀྱིས་ཧྥུའུ་ཅན་ཧྥུའུ་ཀྲིག་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ།   གྲོས་ཚོགས་ཀྱི་རྗེས་སུ།   སྒྲོག་འགྲེལ་ཚོགས་པ་ཧྥུའུ་ཅན་དགེ་འོས་སློབ་ཆེན་དང་ཞིན་ཏ་ལུའུ་ཚན་རྩལ་སྡེ་ཚོགས་སོགས་སུ་སོང་ནས་མཐོ་རིམ་སློབ་གྲྭའི་དགེ་སློབ་དང་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་དང་མཉམ་དུ་གཞོན་རབས་པ་དག་སློབ་གླིང་དང་ཁ་བྲལ་ནས་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཇི་ལྟར་ཞུགས་དགོས་པ་དང་ཁེ་ལས་ཇི་ལྟར་གསར་སྐྲུན་བྱེད་པ་སོགས་ཀྱི་ཐད་ནས་བརྗེ་རེས་བྱས།

ཅི་ལིན་ནས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཁོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཝེ་མིན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ། གྲོས་ཚོགས་ཀྱི་རྗེས་སུ། ཁོ་ཚོ་ཅི་ལིན་སློབ་ཆེན་དུ་སོང་ནས་དགེ་སློབ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

                                                                                                                            ལོ་ཙཱ་བ་ལྷ་མོ་ཚེ་རིང་།