མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ང་གསུམ་པ་བསྡུས།
2020.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ང་གསུམ་པ་བསྡུས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་དྲུག་པའི་དགོངས་དོན་སོགས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། ལག་བསྟར་གྲོས་གཞི་སློབ་སྦྱོང་དང་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་འགོ་མཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་དང་། ཀའོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། གཞི་རྩའི་དགོངས་དོན་ལ་རྒྱུས་ལོན་བྱེད་པ་དང་གོ་དོན་གཙོ་བོ་ཁོང་དུ་ཆད་པར་བྱེད་པ། བྱ་བའི་རེ་བ་གཏན་ཁེལ་གསལ་བོ་བྱས་ཏེ། དམངས་ཆེན་གྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་ལག་བསྟར་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྡེ་ཁག་སོ་སོའི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཙོ་བོར་འབྲེལ་འདྲིས་སྡེ་ཁག་སོ་སོ་དང་བྱ་བའི་ཁྱབ་ཁོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་དང་། ཆེད་དོན་འཆར་འགོད་སྣ་ཚོགས་ཀྱི་སྒྲིག་བཟོ་བྱ་བར་རྗེས་འདེད་བྱེད་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་ལ་ཞིབ་བཤེར་དང་མཆན་འགོད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་གཞོགས་འདེགས་བྱེད་པ། འཆར་འགོད་རྩ་གནད་དང་ཆེད་དོན་འཆར་འགོད་སྣ་ཚོགས་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་ཁོང་དུ་ཆུད་པར་བྱེད་པ། དམངས་ཆེན་གྱི་འགན་ནུས་གཏན་ཁེལ་ལ་ཟུང་འབྲེལ་བྱེད་པ། ཁྲིམས་ལྟར་རང་ཞིང་གི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བཅས་གཅིག་གྱུར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་དམངས་གཙོ་ལྟར་ཁྲིམས་འཛུགས་པ། ཁྲིམས་ལྟར་ཁྲིམས་འཛུགས་པ་རྒྱུན་འཁྱོངས་བྱེད་པ། ཁྱད་ཆོས་ཁྲིམས་འཛུགས་དང་ལེགས་ཞིབ་ཁྲིམས་འཛུགས་འབུར་དུ་ཐོན་པར་བྱེད་པ། ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་མྱུར་དུ་སྤེལ་བ་དང་། ཁྲིམས་འཛུགས་སྤུས་ཚད་དང་རྩོལ་ནུས་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། ཁྲིམས་སྐྱོང་ལམ་བུའི་སྟེང་རང་ཞིང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་གྲོས་དོན་དང་བྱ་བ་གཞན་པར་གྲོས་སྡུར་དང་ཞིབ་འཇུག་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།