ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལོ་ལྔའི་འཆར་གཞི་བཅུ་བཞི་པར་འཆར་ཟིན་འགོད་པའི་ཚན་ཁག་གི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཟི་ལིང་ནས་བསྡུས།
2020.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོ །མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལོ་ལྔའི་འཆར་གཞི་བཅུ་བཞི་པར་འཆར་ཟིན་འགོད་པའི་ཚན་ཁག་གི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཟི་ལིང་དུ་བསྡུས་ཤིང་། ཚོགས་ཐོག་ནས་ ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པར་འཆར་ཟིན་འགོད་པའི་འབྲེལ་ཡོད་གནས་ཚུལ་ལ་ཆེད་དུ་ཉན་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ཀྱི་གྲོས་འགོའི་འབྲེལ་ཡོད་ཡིག་ཆར་གཅིག་བསྡུས་ཀྱིས་གྲོས་བསྡུར་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཕེལ་རྒྱས་དང་འབྲེལ་བའི་བྱ་བར་ཞིབ་འཇུག་གཏིང་ཟབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ལོ་ལྔའི་འཆར་གཞི་བཅུ་བཞི་པར་འཆར་ཟིན་འགོད་པའི་ཚན་ཆུང་གི་ཚན་གཙོ།  ་ ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ལོ་ལྔའི་འཆར་གཞི་བཅུ་བཞི་པར་འཆར་ཟིན་འགོད་པའི་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་གཏམ་བཤད།  ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚུང་ལི་དང་ཁོང་ཡུང་།  ཝང་ལིས་མིན་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ཀྱི་གྲོས་འགོའི་འཆར་ཟིན་ཡག་པོ་འཐེན་རྒྱུ་ནི་མིག་སྔའི་ལས་དོན་གལ་ཆེན་ཞིག་ཡིན་ལ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དམིགས་ཚད་ལས་འགན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བཀོད་སྒྲིག་བླང་བྱར་ཞིབ་བསྡུར་གང་ལེགས་ནས། དུས་རབས་གསར་པ་དང་དུས་རིམ་གསར་པའི་འདུ་ཤེས་གསར་པ་དང་རྣམ་པ་གསར་པར་དམིགས་འཛུགས་རྒྱུ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་དང་ཞིང་ཆེན་གྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། འདས་ཟིན་པར་སྤྱི་སྡོམ་དང་མ་འོངས་པར་ཁ་ཕྱོགས་པ། ཇུས་འགོད་རྩེ་གྲས་དང་སྦྲེལ་མཐུད་ཆ་འགྲིག་བྱེད་པ། གཙོ་གནད་ཁྱད་ཆོས་དང་དཀའ་གནད་ཁོང་དུ་ཆུད་པར་བྱེད་པར་འབད་དེ། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་དུས་རབས་ཀྱི་ཁྱད་ཆོས་མཚོན་པ། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་འཆར་ཟིན་ལེགས་པོ་བཟོས་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་མ་གཏོང་ཐུབ་ཅིང་། ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པའི་འཆར་འགོད་དང་གྲོས་འགོ་ཡག་པོ་འདོན་རྒྱུར་སྐུལ་མ་གཏོང་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།