མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་པ་དང་ཆེད་མཁས་པ། རིག་གནས་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2020.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་པ་དང་ཆེད་མཁས་པ། རིག་གནས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་གཞིའི་བསམ་འཆར་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་གཞི་ཡིག་ཆ་འཆར་ཟིན་འགོད་པའི་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་གཞི་ཡིག་ཆ་འཆར་ཟིན་འགོད་པའི་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་གཏམ་བཤད། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྒྲིག་བཟོ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། བསམ་འཆར་བསྡུ་ལེན་དང་མང་གྲོས་བློ་བསྡུ། ཀུན་གྱི་རིག་སྟོབས་གཅིག་ཏུ་བསྡུས་ནས། སྤུས་ཚད་མཐོན་པོས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་གཞིའི་འཆར་ཟིན་འགོད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚོང་ལི། ཝུའུ་ཧའེ་ཁུན། ཁོང་ཡུང་། ཝང་ལིས་མེན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཁོངས་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་ཧོའུ་ཡོང་ཀྲི་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཆེ་ཕྱོགས་དཔལ་འབྱོར་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་པིས་ཅི་ཡོ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སའེ་ཏེ་སྡེ་ཚོགས་ཀྱི་སྤྱི་གཉེར་པ་དང་སའེ་ཏེའི་བློ་འདྲི་བ་དང་ཙུང་ཚེ་ཆིན་ཧའེ་ལེན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཧོང་པའོ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ནང་དོན་དང་བྱེད་ཐབས། རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ། དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། སྲུང་སྐྱོབ་དང་འཕེལ་རྒྱས་གཉིས་རྒྱལ་གྱི་དཀའ་ཁག་སེལ་བ་སོགས་ཕྱོགས་ནས་བློ་འདོན་ཇུས་འབུལ་བྱས། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་སུང་ཧྥ་ཕིང་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གསོའི་འགོ་གཙོ་དབྱང་ཧའོ་རན། ཞིང་ཆེན་འཕྲོད་བསྟེན་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ལིའུ་ཡུང་ཉན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ། སྤྱིའི་ཇུས་འགོད་པ་མཱ་ཅིན་ཀང་བཅས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་གཏན་འཇགས་རྒྱུ་ནོར་དངུལ་གཏོང་ཚུལ་བསྒྱུར། སྨན་བཅོས་འཕྲོད་བསྟེན་དང་རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་ཡིག་ཐོག་ཞིབ་འཇུག་སྙན་ཞུ་སྤྲད།

གཏམ་བཤད་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་བསྟན་དོན། ཆེད་མཁས་པ་དང་རིག་གནས་པའི་གཏམ་བཤད་ཀྱི་ནང་དོན་མི་འདྲ་ལ། ཕྱོགས་སྣེ་མི་འདྲ་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ཟུང་འབྲེལ་བྱས་པ་དང་། མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ལ་བསམ་གཞིགས་གཏོང་བ་དང་དབྱེ་ཞིབ་བྱེད་པའི་བྱེད་ཐབས་ལམ་བུ་དང་ཟུང་འབྲེལ་བྱས་ནས། རང་ཉིད་ཀྱི་བསམ་ཚུལ་གླེང་ཡོད་པས། རང་ཞིང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་ཟིན་བཟང་བོར་འགོད་པའི་རོགས་རམ་ཆེན་པོ་ཡོད། ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་དང་དབྱེ་ཞིབ་ནན་མོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བསམ་ཚུལ་དང་གྲོས་གཞི་དེ་དག་བསྡུ་ལེན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཀྱི་ལངས་གནས་མཐོ་བས། རང་རྟོགས་སྒོས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་འདྲེས་པར་བྱེད་པའི་ཕྱོགས་ནས་བསམ་གཞིགས་གཏོང་དགོས། གནས་ཐིག་གཏན་ཁེལ་ཡང་དག་བྱས་ཏེ། ཆེས་ཆེ་བ་གསུམ་ཁོང་དུ་ཆད་པར་བྱེད་པར་བརྟེན་ནས་འཆར་འགོད་བྱེད་དགོས། བརྗོད་སྙིང་འབུར་དུ་ཐོན་པར་བྱེད་པ་དང་། གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་གྲུབ་ཚུལ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་གྲུབ་ཚུལ་ལ་དམིགས་ནས། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་གཞིར་འཛིན་ས་བྱེད་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་འཕེལ་རྒྱས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིམ་པ་ཅུང་དམའ་བའི་ཚད་དུ་གནད་པའི་གནས་ཚུལ་དངོས་གཞིར་བཟུང་ནས་ལྟ་ཞིབ་བྱེད་དགོས། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པར་ཁྱོན་ཡོངས་དང་ལོ་རྒྱུས་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས། མཚོ་སྔོན་གྱི་འཕེལ་རྒྱས་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་སྡོམ་བྱེད་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་ཐོན་སྐྱེད་ནུས་ཤུགས་སྔོག་འདོན་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ། ཐོན་སྐྱེན་ནུས་ཤུགས་སྲུང་སྐྱོབ་བྱེད་པའི་བརྗོད་གཞི་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་ཆེར་སྐྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྱབ་ཁོངས་སོ་སོ་དང་གོ་རིམ་ཧྲིལ་བོ་རུ་མངོན་པར་བྱེད་དགོས། འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་པ་དང་།  སྤུས་ཚད་མཐོན་པོའི་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མངོན་པར་བྱེད་པའི་འཕེལ་རྒྱས་ཡིན་པས། ངེས་པར་དུ་དཔལ་འབྱོར་རྨང་གཞི་ལ་ཞིབ་འཇུག་བྱེད་པ་མ་ཟད་གོང་རིམ་བཟོ་སྐྲུན་ལ་ཡང་ཞིབ་འཇུག་བྱས་ནས། ཕན་ཡོད་ཚོང་ར་དང་བྱ་བ་བསྒྲུབ་པའི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་ལས་བཟང་བོ་བྱེད་ཐུབ་པར་བྱེད་དགོས། མཁར་གྲོང་གཞི་གཅིག་ཅན་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། མཁར་གྲོང་གཞི་གཅིག་ཅན་དང་ཞིང་སྡེ་དར་སྤེལ། ཞིང་སྡེ་འཛུགས་སྐྲུན་འགུལ་སྐྱོད་བཅས་དང་རྣམ་པ་གསར་བའི་གྲོང་གསེབ་ཅན་ཟུང་འབྲེལ་བྱེད་པ། ཁུལ་ཁོངས་ཀྱི་མཁར་གྲོང་འཕེལ་རྒྱས་དོ་མི་མཉམ་པའི་མི་འདང་ས་དང་བར་ཐག་ཇེ་ཆུང་དུ་བཏང་སྟེ། ཡོང་སྒོ་དམའ་བའི་མང་ཚོགས་ཀྱིས་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པར་བྱེད་དགོས། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་བཀག་སྡོམ་བྱེད་པའི་རྒྱུ་རྐྱེན་མེད་པར་བྱེད་དགོས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ནས་ཆུ་བེད་དང་འགྲིམ་འགྲུལ་འབུར་དུ་ཐོན་པར་བྱེད་པ་དང་། གཞི་རྩའི་སྤྱི་ཐུན་ཞབས་ཞུ་འདྲ་མཉམ་ཅན་དུ་བསྒྱུར་བའི་ཐད་ནས་མིའི་ཁྱོན་ཡོངས་འཕེལ་རྒྱས་འབུར་དུ་ཐོན་པར་བྱས་ནས། ཏན་ཏན་ཏིག་ཏིག་གིས་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིངས་དགོས་ཟེར།

ཞིན་ཁྲང་ཞིང་གིས་ཆེད་མཁས་པ་དང་རིག་གནས་པའི་གྲོས་གཞི་དང་བསམ་ཚུལ་ལ་ཕྱིར་ལན་འདེབ་སྐབས་བསྟན་དོན། ཆེད་མཁས་པ་དང་རིག་གནས་པ་ཚོས་ལས་འགན་དང་པོ་སྟེ་འཕེལ་རྒྱས་དམིགས་སུ་བཟུང་ནས། ང་ཚོར་གཞུང་ལུགས་དང་སྲིད་ཇུས། ལག་ལེན་གྱི་ཟུར་ཁྲིད་བཟང་བོ་ཞིག་བྱས་པ་དང་། ང་ཚོས་དབྱེ་ཞིབ་དང་ཞིབ་འཇུག་ནན་མོ་བྱེད་པ་དང་བསྡུ་ལེན་གང་ལེགས་བྱས་ཏེ། བྱ་བ་སྣ་ཚོགས་ལ་སྔར་ལས་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ།  རིན་ཆེན་མཚོ།