མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་པ་པེ་ཅིང་དུ་བྱ་དགའ་ལེན་དུ་འགྲོ་བར་སྐྱེལ་མ་བྱས།
2020.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་པེ་ཅིང་དུ་གཟེངས་བསྟོད་ཚོགས་ཆེན་ནང་ཞུགས་མཁན་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བར་སྐྱེལ་མ་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཞིན་ཁྲང་ཞིང་ཐེངས་འདིའི་བྱ་འགུལ་ལ་ཞུགས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ད་རེས་ཀྱི་ཚོགས་འདུ་ནི་དུས་རབས་གསར་པར་བསྐྱོད་པའི་སྐབས་འདིར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྡུས་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་དང་པོ་ཡིན་ཞིང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་གང་ལེགས་མཚོན། གཟེངས་བསྟོད་ཐོབ་པ་ནི་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལོ་ལྔ་རེའི་ནང་དུ་ཐེངས་རེར་བསྡུ་བཞིན་ཡོད་ཅིང་།  ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བར་མཚན་སྙན་ཆེ་ཤོས་གནང་བ་དང་། ཁྱེད་ཚོས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་ས་ཡ་གསུམ་དང་འབུམ་གསུམ་གྱི་ཚབ་མཛད་ནས་གཟི་བརྗིད་ལྡན་པའི་མཚན་སྙན་འདི་དང་ལེན་བྱས་པར་བརྟེན། ཁྱེད་རྣམ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། མཚན་སྙན་ནི་བློས་གཏོང་བྱས་པ་ལས་བྱུང་བའི་དྲིན་གཟོ་ཡིན། ཚང་མ་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་ནས་ཡོང་བ་ཡིན་ལ། དཀའ་སྤྱད་འབད་འཐབ་ཀྱིས་རང་སོ་སོའི་ལས་གནས་སྟེང་དུ་ལས་ཀ་བྱེད་ཀྱིན་ཡོད་པས། ངས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་པ་ཡུས་ཚུང་ལི་དང་མཱ་ཅི་ཞའོ། ཀྲང་ལིས་བཅས་ཐེངས་འདིའི་བྱ་འགུལ་ལ་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།