མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ཞིབ་འཇུག་དཔྱད་བསྡུར་དང་བློ་འདྲི་ཞབས་ཞུའི་རྟེན་གཞིའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2020.11.26 ཁུངས། ཀློག་གྲངས། 52

ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ཞིབ་འཇུག་དཔྱད་བསྡུར་དང་བློ་འདྲི་ཞབས་ཞུའི་རྟེན་གཞིའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་གྲོས་ཚོགས་ལ་ཞུགས་པ་དང་གཏམ་བཤད།

མ་ཝེ་ཡིས་བསྟན་དོན། རྟེན་གཞིའི་སྒོ་བྱང་བཀལ་བ་ནས་བཟུང་བྱ་བའི་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་བྱ་བའི་ཁྱབ་ཁོངས་རྒྱ་བསྐྱེད། བློ་འདྲིའི་ཞབས་ཞུ་སྤུས་ཚད་མཐོན་པོའི་མཁོ་འདོན་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོངས་སོགས་ཀྱི་ཐད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་དམངས་གཙོ་ཁྲིམས་འཛུགས་དང་ས་གནས་ཁྲིམས་འཛུགས་ནུས་པ་ཇེ་མཐོར་བཏང་།

མ་ཝེ་ཡིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་རྟེན་གཞིའི་བྱ་བ་ལེགས་སྒྲིག་དང་ཤུགས་སྣོན་བྱ་རྒྱུན་ནི་དུས་རབས་གསར་བའི་དམངས་གཙོ་ཁྲིམས་སྐྱོངས་འཛུགས་བསྐྲུན་གྱི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། ཆབ་སྲིད་ཀྱི་ལང་གནས་མཐོར་འདེགས་གཏོང་དགོས་ཚེ་ཁྲིམས་འཛུགས་རྟེན་གཞིའི་ཚན་རིག་ལྟར་ཁིམས་འཛུགས་ཆུ་ཚད་མཐོར་འདེགས་གཏོང་བ་དང་ཁྲིམས་འཛུགས་དམངས་གཙོ་རང་བཞིན་གོང་འཕེལ་གཏོང་བ། ཁྲིམས་འཛུགས་གཞུང་ལུགས་གོང་སྤེལ་དང་ལག་ལེན་མཉམ་བསྲེས་ཕྱོགས་ཀྱི་གལ་ཆེན་རང་བཞིན་ལ་ངེས་ཟིན་གསལ་བོ་ཐོབ་དགོས། ཁྲིམས་འཛུགས་རྟེན་གཞིའི་ནུས་པ་འདོན་སྤེལ་གྱི་བྱེད་ཐབས་གསར་བ་འཚོལ་ཞིབ་དང་ས་གནས་ཁྲིམས་འཛུགས་ཀྱི་ནུས་པ་འཛུགས་བསྐུན་བྱས་ཏེ་ཁྲིམས་འཛུགས་སྤུས་ཚད་དང་ནུས་པ་མཐོར་འདེགས་གཏོང་དགོས།