ལིའུ་ཐུང་ཏི་ཡིས་འགོ་མཛིན་བྱས་ནས་དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་བསྡུས།
2020.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཡིས་འགོ་མཛིན་བྱས་ནས་དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་བསྡུས་ཏེ། འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། བྱ་བའི་ཁྲོད་ཀྱི་ཞན་ཆ་བཙལ་ལ། གོ་རིམ་རྗེས་མའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་མི་སྣ་ཡོངས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ། ལིའུ་ཐུང་ཏི་ཡིས་འཐུས་མིའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་། ཚང་མས་རྣམ་འགྱུར་བཟང་བོ་བྱེད་པ་དང་ཁག་ཁུར་བྱེད་ཕོད་པ། ལག་བསྟར་ནན་མོ་བྱེད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་རྒྱུའི་སྐུལ་སློང་བྱས། དེ་དང་མཉམ་དུ། ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བའི་ཟུར་ངོས་ནས་གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་གསལ་བོ་བཏོན། ཁོས་བསྟན་དོན། དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་ནི་འཐུས་མིའི་བྱ་བའི་ཕྱོགས་ཀྱི་ལམ་ལུགས་སྒྲིག་ལམ་སྣ་ཚོགས་ཀྱི་སྒྲིག་བཟོ་བ་དང་བཀོད་འདོམས་པ་ཡིན་ལ། ལམ་ལུགས་སྒྲིག་ལམ་སྣ་ཚོགས་ལག་བསྟར་བྱེད་པའི་སྐུལ་འདེད་པ་དང་སྒུལ་ཤུགས་འགོ་ཁུངས་ཀྱང་ཡིན་པས། ལག་བསྟར་བྱེད་ཚད་བཟང་མིན་དང་ཡང་དག་མིན་དེས་དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཆུ་ཚད་དང་མགོ་ཁྲིད་ཀྱི་བྱ་བའི་ནུས་པ། གནད་འགག་གྲངས་ཉུང་གི་ནུས་པ་འདོན་སྤེལ་བྱས་པའི་ཆུ་ཚད་མངོན་པར་བྱས་ཡོད་ཟེར།

ལིའུ་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་ལག་བསྟར་དམ་འཛིན་བྱེད་དགོས། ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བའི་སྟེང་ཤུགས་འདོན་པ་དང་། ཁག་ཁུར་བྱེད་ཕོད་པ་དང་ཁག་ཁུར་བྱེད་མཁས་པ། རང་འགུལ་རང་བཞིན་དང་བརྩོན་སེམས་རང་བཞིན་ཇེ་དྲག་ཏུ་བཏང་ནས། དག་ཐེར་ལེགས་བཅོས་འབུར་དུ་ཐོན་པར་བྱེད་པ་དང་ལག་བསྟར་དམ་འཛིན་བྱེད་དགོས། ལས་འགན་གྱི་གསལ་ཁྲ་འཛུགས་པ་དང་། ལྗིད་ཡང་དལ་བྲེལ་ཁོང་དུ་ཆུད་པར་བྱེད་པ། དུས་ཚོད་རེའུ་མིག་དང་ལས་འགན་ཡི་གེ ལམ་ཐིག་པར་རིས་འབྲི་བ། འགན་འཁྲི་འགོ་ཁྲིད་དང་འགན་འཁྲི་མི་སྣ་གཏན་ཁེལ་གསལ་བོ་བྱས་ཏེ། ཚད་གཞིར་དམིགས་ནས་ལག་བསྟར་དམ་འཛིན་བྱེད་དགོས། འཆར་འགོད་བཟང་བོ་བྱེད་པ་དང་། གཅིག་བསྒྱུར་སྒོས་སྤེལ་བ། གཟེར་འདེབས་སྙིང་སྟོབས་དར་སྤེལ་གཏོང་བ། བྱ་བ་བཟང་བོ་སྤེལ་བ་དང་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།